དྲ་ཚིགས་ལག་རྩལ་འགན་འཁུར་བ་བཀྲ་ཤིས་ཕུན་ཚོགས་ལགས།

བཀྲ་ཤིས་ཕུན་ཚོགས་ལགས་ནི་སྤྱི་ལོ་ ༡༩༨༩ ལོར་ཕ་ཡུལ་གཙང་པ་སྣམ་དགའ་སྡོང་དུ་སྐྱེས། ༢༠༡༡ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་དཔལ་འབྱོར་དོ་དམ་སློབ་གླིང་ཁྲོམ་རའི་བྲིན་ཚོང་ཆེད་ལས་མཐར་ཕྱིན་ནས་སྟོད་རྣམ་རྒྱལ་ལྷ་རྩེར་གཞུང་ཞབས་པའི་ལས་ལ་བཞུགས།

དྲ་ཚིགས་ལག་རྩལ་འགན་འཁུར་བ་བཀྲ་ཤིས་ཕུན་ཚོགས་ལགས།

ཆུང་དུས་ནས་ཚན་རིག་དང་རྩིས་འཁོར་ལ་དགའ་ཞེན་ཆེ་བའི་སྟབས་ཀྱིས་དེའི་ཐད་ཀྱི་ཤེས་བྱར་ཤེས་འདོད་ཀྱི་བློ་ཆེན་པོ་སྐྱེས། ཚེ་སྔོན་ལས་ཀྱི་དབང་གིས་སློབ་གྲྭའི་རྩིས་འཁོར་དགེ་རྒན་བློ་བཟང་ལགས་དང་རྩིས་རིག་(གྲངས་རིག་)དགེ་རྒན་ལྷག་པ་ཚེ་རིང་སོགས་དང་ངོ་ཤེས། ཁོང་ནི་རང་ཉིད་ཀྱི་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་ལ་བརྩོན་ཞིང་ཞོར་དུ་དེང་དུས་ཆ་འཕྲིན་ལག་རྩལ་གྱི་འཕེལ་ཕྱོགས་སུ་སྙེག་སྟེ་རྩིས་འཁོར་དང་དྲ་རྒྱའི་ཤེས་བྱར་རྒྱུན་མ་ཆད་པར་སྦྱོང་བ་དང་རང་གི་སྐད་དང་རིག་གཞུང་ལ་གཅེས་འཛིན་གྱིས་དཔལ་འབྱོད་དོ་དམ་གླིང་བོད་རིག་གནས་དགའ་ཞེན་ཚོགས་པའི་ཚོགས་གཅོ་བྱས་ནས་བྱ་བ་མང་པོ་བསྒྲུབས།

ད་བར་ཁོང་གིས་ལས་ཞོར་དུ་རྩིས་འཁོར་དང་དྲ་རྒྱའི་ཤེས་བྱར་སློབ་སྦྱོང་བྱེད་རྒྱུ་དེ་རྒྱུན་འཁྱོངས་བྱས་ཡོད་ལ་ལྷག་པར་དུ་ཤེས་བྱ་དེ་ཚོ་བེད་སྤྱད་ནས་དམངས་ཕན་བྱ་བ་མང་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད། བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྩིས་འཁོར་ཤེས་བྱའི་སྦྱོང་སྤྱོད་དེ་ནི་རང་ཉིད་ཀྱི་དགའ་དད་ཅིག་ཏུ་རྩི་ཡི་ཡོད། ཁོང་གིས་སྔ་རྗེས་སུ་རིན་གོང་གང་ཡང་མེད་པར་མི་སྒེར་གྱི་དྲ་ཚིགས་དང་ཚོགས་པའི་དྲ་ཚིགས་སོགས་བཟོས་དང་བཟོ་མུས་ཡིན།

འདིར་དམིགས་སུ་བཀར་ནས་ཞུ་དགོས་པ་ཞིག་ལ་ཁོང་གིས་ ༢༠༡༠ ལོར་བོད་སྐད་ཡིག་ཐོག་གི་རྩིས་རིག་དྲ་ཚིགས་ཐོག་མ་སྟེ་ངེད་རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་དེ་བཟོ་སྐྲུན་བྱས་པ་དང་དེ་ནས་བཟུང་ངེད་རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་ཀྱི་ལག་རྩལ་འགན་ཡོངས་སུ་བཞེས།

༢༠༡༥ ལོའི་ཟླ་བ་ ༤ པའི་ཚེས་༢༤ ཉིན།

རྩིས་རིག་ཤེས་བྱའི་སྡོང་པོས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » དྲ་ཚིགས་ལག་རྩལ་འགན་འཁུར་བ་བཀྲ་ཤིས་ཕུན་ཚོགས་ལགས།
མཉམ་སྤྱོད།:
ཡག་པོ་འདུག(4) གསོལ་རས་གནང་བ།

དཔྱད་མཆན།2

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།
  1. #1
    དབུས་གཙང་ཕྱོགས་སུ་བོད་ཡིག་དྲ་ཚིགས་ཉུང་ཞིང་ལྷག་པར་དུ་སྒེར་གཉེར་དྲ་ཚིགས་གཉེར་མཁན་རེ་གཉིས་ཙམ་ལས་མི་འདུག་པས་ད་རེས་ཁོ་བོས་ཁྱེད་ཅག་གི་དྲ་ཚིགས་མཐོང་བ་དང་དྲ་བའི་རྩོམ་ཡིག་ཁག་ཀྱང་ཆེས་ལེགས་པོ་དང་འཚོ་བའི་ཤེས་བྱ་རྐྱང་རྐྱང་གིས་གྲུབ་འདུག་པ་མཐོང་མ་ཐག་དགའ་བས་བརྟས་བྱུང་། ཕྱི་སྡོད་བོད་མི་ཞིག་གིས།
    • ཁྱེད་ནས་ངེད་དྲ་ཚིགས་ལ་དོ་སྣང་གནང་བར་བཀའ་དྲིན་ཆེ། 

      ལག་རྩལ་པ།2015-05-04 20:35:57ལན་འདེབས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏