རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་ཀྱི་ལོ་རྒྱུས་མདོར་བསྡུས།

དང་པོ།  ༢༠༡༡ ལོའི་ཟླ་བ་ ༡ པོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རང་བྱུང་ཚན་རིག་སློབ་གླིང་རྩིས་རིག་ཚན་ཁག་དགེ་རྒན་ལྷག་པ་ཚེ་རིང་ནས་རྩིས་རིག་ཤེས་བྱའི་སྐོར་གྱི་བོད་ཡིག་དྲ་ཚིགས་ཞིག་བཟོ་རྒྱུའི་གྲོས་འགོ་བཏོན་ནས་མ་དངུལ་བཏང་བ་དང་སྐབས་དེར་བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བོད་རིག་གནས་དགའ་ཞེན་མཐུན་ཚོགས་བཙུགས་མཁན་དང་སྐབས་དང་པོའི་ཚོགས་གཙོའི་འགན་འཁུར་ཞིང་ཡོད་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་ལག་རྩལ་འགན་འཁུར་བྱས་ནས་དྲ་ཚིགས་བཟོ་འགོ་བརྩམས་དགེན་ལྷག་པ་ཚེ་རིང་ལགས་ཀྱི་བཀའ་སློབ་དང་བོད་རིག་གནས་དགའ་ཞེན་མཐུན་ཚོགས་ཀྱི་ཚོགས་མི་ཁ་ཤས་ཀྱི་རྒྱབ་སྐྱོར་འོག་༢༠༡༡ལོའི་ཟླ་བ་༥པར་དངོས་སུ་དྲ་ཚིགས་ཐེངས་དང་པོ་ཤར་གཏོང་བྱས།21-803818-1

21-576884-2

21-559000-3

(ཐེངས་དང་པོའི་པར་གཞི།)

གཉིས་པ།  ༢༠༡༣ ལོར་དྲ་ཚིགས་ལ་བསྒྱུར་བ་ཅུང་ཟད་བཏང་།

2

 (ཐེངས་གཉིས་པའི་པར་གཞི།)

 གསུམ་པ།  ༢༠༡༥ ལོར་དུས་རབས་ཀྱི་གོམ་འགྲོས་དང་མཐུན་ཕྱིར་དགེན་ལྷག་པ་ཚེ་རིང་ལགས་ཀྱི་བཀའ་སློབ་དང་བཀྲ་ཤིས་ཕུན་ཚོགས་ཀྱི་ལག་རྩལ་རྒྱབ་སྐྱོར་འོག་དྲ་ཚིགས་བཟོ་བའི་ཤེས་བྱ་དམན་ཀྱང་དཀའ་ངལ་ཁྱད་དུ་བསད་ནས་མཐར་དུས་རབས་དང་མཐུན་པའི་ wordpress ལག་རྩལ་བེད་སྤྱད་ནས་ཐེངས་གསུམ་པའི་རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་བསྒྱུར་བཅོས་བྱས།

དགེའོ།

༢༠༡༥ ལོའི་ཟླ་བ་ ༢ པའི་ཚེས་ ༡༠ ཉིན།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་ཀྱི་ལོ་རྒྱུས་མདོར་བསྡུས།
མཉམ་སྤྱོད།:
ཡག་པོ་འདུག(10) གསོལ་རས་གནང་བ།

དཔྱད་མཆན།3

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།
  1. #1

    དུས་རབས་དང་ཤིན་ཏུ་མཚམས་ཤིང་དགོས་མཁོ་ཆེ་བའི་རྩིས་རིགས་དྲ་མཛོད་འདི་འདྲ་ཞིག་རྒྱ་ཆེ་བའི་ཀློག་པོ་ཡོངས་དང་།  ལྷག་པར་རང་མི་རིགས་ཀྱི་སྐད་གཞིར་གཞག་གིས་དེང་རབས་རིག་གནས་ཁག་དང་།  སྒོས་སུ་རྩིས་རིགས་སྐོར་ལ་སློབ་གཉེར་གནང་བཞིན་པའི་རྒྱ་ཆེ་བའི་སློབ་གཉེར་ཡོངས་ལ་ཐུགས་ཕན་ཧ་ཅང་སོན་པ་སྨོས་མེད་ཡིན་པས།  ཁྱེད་ཅག་རྣམ་པས་ངལ་ཁྱད་དུ་བསད་དེ་་ལས་དོན་འདི་འདྲ་ཞིག་གཉེར་བཞིན་པར།  ཧ་ཅང་གུས་པའི་སྒོ་ནས་ཐུགས་རྗེ་ཅིས་ཀྱང་ཆེ་ཞུའོ།།

    Losang Damcho2015-04-04 23:23:06ལན་འདེབས།
    • སློབ་གསོའི་ལས་རིགས་ཐད་མཛད་རྗེས་འཇོག་བཞིན་པའི་རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་གཙོས་ལས་ཀྱི་སྣེ་མོ་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་དུ།  མི་རིགས་ཀྱི་སློབ་གསོའི་མདུན་ལམ་དང་།  ལམ་བུ་དེར་བསྐྱོད་བཞིན་པའི་རྒྱ་ཆེ་བའི་སློབ་གཉེར་བ་ཡོངས་ལ་དགོས་མཁོ་ཅིས་ཀྱང་ཆེ་བའི་རྩིས་རིག་སྐོར་ཀྱི་དྲ་མཛོད་འདི་འདྲ་ཞིག་དབུ་འབྱེད་གནང་བར་སྙིང་ཐག་པ་ནས་ཐུགས་ཆེ་ཞུ།  

      བསྟན་འཛིན་རྣམ་གྲོལ།2015-04-04 23:37:18ལན་འདེབས།
    • ཐུགས་རྗེ་ཆེ།

      རྩིས་རིག་ཤེས་བྱའི་སྡོང་པོ།2015-04-06 10:06:37ལན་འདེབས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏