རྩོམ་ཡིག་སྐུར་བ་དང་ལྟ་ཀློག་སྐོར་གྱི་གསལ་བཤད།

དང་པོ། རྩོམ་ཡིག་ལྟ་ཀློག་སྐོར།

རྩིས་རིག་ཤེས་བྱའི་སྡོང་པོར་སྤེལ་བའི་རྩོམ་ཡིག་རིགས་ལ་སྤྱིར་བཏང་གི་རྩོམ་ཡིག་དང་ flash འགུལ་རིས། སྒྲ་ཕབ། བརྙན་ཕབ་སོགས་ཡོད་སྲིད།

ངེད་དྲ་ཚིགས་སུ་སྤྱོད་པའི་བོད་ཡིག་ནི་ཧི་མ་ལ་ཡ་ཡིན་པས་ http://bodyig.net/ སོགས་ནས་ཕབ་ལེན་གནང་རོགས།

ངེད་དྲ་ཚིགས་ཀྱི་ནང་དོན་ཚང་མ་རྩིས་འཁོར་དང་ལག་ཐོགས་ཁ་པར་གཉིས་ཀ་ནས་ལྟ་ཀློག་བྱེད་ཐུབ།

སྤྱིར་བཏང་རྩོམ་ཡིག་མང་ཆེ་བ་ནི་དྲ་སྟེང་ནས་ཐད་ཀར་ལྟ་ཀློག་བྱེད་ཐུབ། འོན་ཀྱང་ཉུང་ཤས་ཤིག་ནི་ pdf རྣམ་པ་ཡིན་པས་ཁྱེད་ཀྱི་རྩིས་འཁོར་དང་ཁ་པར་ནང་ངེས་པར་དུ་ pdf ལྟ་ཆས་ཡོད་དགོས། གལ་ཏེ་དེ་མེད་ན་འདི་ནས་Adobe Reader ཕོབ་ལ་ནང་འཇུག་བྱོས།

pdf རྣམ་པའི་རྩོམ་ཡིག་རིགས་ནི་མཐུད་སྦྲེལ་བརྒྱུད་རྩོམ་ཡིག་ཁ་ཕྱེ་སྟེ་ pdf ལྟ་ཆས་སྒེའུ་ཁུང་གི་སྟེང་ཕྱོགས་ནུས་པ་སྤྱད་དེ་རྩོམ་ཡིག་ཉར་ཚགས་བྱེད་པའམ་ཡང་ན་པར་འདེབས་བྱེད་པ་སོགས་དགོས་མཁོ་བཞིན་བྱས་ཆོག།

ཐད་ཀར་ལྟ་ཀློག་བྱེད་ཐུབ་པའི་རྩོམ་ཡིག་དེ་རིགས་པར་འདེབས་བྱེད་སྐབས་སྔོན་ལ་རྩོམ་ཡིག་དེ་ཆ་ཚང་ཁ་ཕྱེ་ནས་ཙིག་རྟགས་ལ་གཡས་འདེབས་བྱས་ན་པར་འདེབས་ནུས་པ་ཐོན་ཐུབ།

སྟབས་ལེགས་པ་ཞིག་ནི་རྩིས་ཡིག་ནང་གི་སྤྱི་འགྲོས་ཀྱང་པར་འདེབས་ཡང་དག་བྱེད་ཐུབ་པ་དེ་ཡིན།

དགའ་བ་ཞིག་ནི་ཐད་ཀར་ལྟ་ཀློག་བྱེད་ཐུབ་པའི་རྩོམ་ཡིག་ཆ་ཚང་ pdf རྣམ་པའི་ཐོག་ནས་ཁྱེད་རང་གི་རྩིས་འཁོར་དུ་ཉར་འཇོག་བྱེད་ཐུབ་པ་དེ་ཡིན། དེ་ལྟར་དྲ་རྒྱ་མི་དགོས་པར་རྩོམ་ཡིག་ཚང་མ་ལས་སླ་པོར་ལྟ་ཀློག་བྱེད་ཐུབ་པ་མ་ཟད་སྤུས་ཀ་ལེགས་པའི་པར་འདེབས་བྱེད་ཐུབ། བྱེད་སྟངས་ནི་གཤམ་ལྟར་ཡིན།

དང་པོ། རྩིས་འཁོར་དུ་ pdf འགྱུར་ཆས་ཀྱི་མཉེན་ཆས་ CutePDF Writer ཞེས་པ་དེ་ནང་འཇུག་བྱེད་དགོས། དེ་ནི་རིན་མེད་མཉེན་ཆས་ཤིག་ཡིན་པ་དང་དེས་དྲ་ངོས་ཡིག་ཆ་དང་ word ཡིག་ཆ་སོགས་པར་འདེབས་པའི་ཚུལ་གྱི་ཐོག་ནས་ pdf ཡིག་ཆའི་རྣམ་པར་འགྱུར་གྱི་ཡོད། pdf རྣམ་པའི་ཡིག་ཆ་ནི་སྤུས་ཀ་ལེགས་པ་དང་ཉར་འཇོག་བྱེད་བདེ་བ། པར་འདེབས་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན།

གཉིས་པ། དེ་ནས་དཔེར་ན་ཁྱེད་ཀྱིས་རྩོམ་ཡིག་སྐུར་བ་དང་ལྟ་ཀློག་སྐོར་གྱི་གསལ་བཤད། ཞེས་པ་དེ་pdf རྣམ་པའི་ཡིག་ཆར་འགྱུར་འདོད་ན་ དྲ་ཚིགས་སྟེང་རྩོམ་ཡིག་དེ་ཆ་ཚང་ཁ་ཕྱེ་སྟེ་དཀྱིལ་གྱི་གནས་ཤིག་ཏུ་ཙིག་རྟགས་ལ་གཡས་འདེབས་བྱས་ནས་པར་འདེབས་ནུས་པ་ (打印) ཐོན་སྐབས་པར་འདེབས་བྱས་པས་པར་འདེབས་ཀྱི་གདམ་ག་ཐོན། དེ་ནས་(选择打印机) ལས་ CutePDF Writer གདམ་སྟེ་པར་འདེབས་བྱས་པས་དུས་ཡུན་སྐར་ཆ་ཁ་ཤས་ཕྱིན་རྗེས་ཡིག་ཆ་ཉར་འཇོག་གི་གྲུ་བཞི་ཞིག་ཐོན་ (མ་ཐོན་ན་རྩོམ་ཡིག་སྟེང་དུ་ཙིག་རྟགས་ལ་གཡོན་འདེབས་བྱས་ན་འགྲིག) འོང་། དེ་ནས་རྒྱུན་གཏན་བཞིན་ཡིག་ཆའི་མིང་དང་ཉར་ས་སོགས་གཏན་ཁེལ་བྱས་ཏེ་ཉར་འཇོག་བྱས་པས་ཆོག།

རྩོམ་ཡིག་ཁ་ཤས་ནང་དུ་ flash འགུལ་རིས་ཡོད་པ་དང་རྩིས་འཁོར་ནང་དུ་དེའི་ལྟ་ཆས་ flash player ཞེས་པ་དེ་དགོས་པས་ཁྱེད་ཀྱིས་ Adobe Flash Player ནང་འཇུག་བྱས་པས་ཆོག།

flash འགུལ་རིས་ཁ་ཤས་ལ་སྟབས་བདེའི་ཉར་ཚགས་དང་པར་འདེབས་སོགས་ཀྱི་ནུས་པ་ཡོད།

གཉིས་པ། རྩོམ་ཡིག་སྐུར་བའི་སྐོར།

གལ་ཏེ་ཁྱེད་རང་ནས་རྩོམ་ཡིག་སྐུར་འདོད་ན་སྔོན་ལ་ལྷག་པ་ཚེ་རིང་དང་འབྲེལ་བ་གནང་བར་ཞུ། olobo@qq.com

གལ་ཏེ་དྲ་རྒྱའི་ལག་རྩལ་དང་འབྲེལ་བ་ཡོད་ན་བཀྲ་ཤིས་ཕུན་ཚོགས་དང་འབྲེལ་བ་གནང་བར་ཞུ། pingcuo725@163.com

རྩིས་རིག་ཤེས་བྱའི་སྡོང་པོ་ནས།

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༡༩ ལ་ཁ་གསབ་བྱས།

 

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » རྩོམ་ཡིག་སྐུར་བ་དང་ལྟ་ཀློག་སྐོར་གྱི་གསལ་བཤད།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།2

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།
  1. #1
    དེ་སྔོན་དུས་ཚོདསྟོང་པའི་ནང་སྐད་བསྒྱུར་བྱས་པའི་ཨང་རྩིས་ཀྱི་སློབ་ཁྲིད་ཀྱི་བརྙན་ཟློས 20 དྲ་སྣེ་དེའི་ཐོག་ཡོད། བེད་སྤྱོད་ཡོད་མེད་གཟིགས་རོགས། https://www.youtube.com/playlist?list=PLRFaruCIPx0MnhjJtYaRXTP2UCoiEI3Qc
    • བཀའ་དྲིན་ཆེ་ཞུ །  སྐྱོ་བ་ཞིག་ལ་ང་ཚོའི་ས་ཆར་ youtube ཁ་ཕྱེ་མི་ཐུབ། གལ་ཏེ་བརྙན་ཟློས་དེ་ཚོ་ཆེན་པོ་མིན་ན་ཐེངས་རེར་བརྙན་ཟློས་རེ་བྱས་ནས་ཡིག་སྒམ་ olobo@qq.com བརྒྱུད་བསྐུར་རོགས་གནང་།

      རྩིས་རིག་ཤེས་བྱའི་སྡོང་པོ།2015-05-08 13:59:54ལན་འདེབས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏