10 ཡི་རང་སྒྱུར་དང་དེ་ལས་བྱུང་བའི་དམིགས་བསལ་གྲངས་ཀྱི་མཚོན་སྟངས་ཤིག།

གྲངས་ཤིག་གི་རང་སྒྱུར་གྱིས་གྲངས་དེ་ཐེངས་ག་ཚོད་ལ་སྒྱུར་བ་གསལ་བཤད་བྱེད་ཀྱི་ཡོད། དེ་རིང་བཅུ་ཡི་རང་སྒྱུར་ལ་བལྟ་རྒྱུ་ཡིན།

ཐེངས་གྲངས་ཕོ་ཡིན་པ།

དཔེར་ན།   103 = 10 × 10 × 10 = 1,000  དང་

104 = 10 × 10 × 10 × 10 = 10,000

དེ་ལྟར་ཐེངས་ཆེ་རུ་འགྲོ་སྐབས་བཅུ་ཡི་རང་སྒྱུར་ནི་ཧ་ཅང་ཆེ་བའི་གྲངས་ཤིག་ཡིན།

གྲངས་ཆེན་པོའི་མཚོན་སྟངས།

དཔེར་བརྗོད་དང་པོ།  5,000 = 5 × 1,000 = 5 × 103

5 སྟོང་ནི་ཆིག་སྟོང་ཡིན་པ་ 5 ཡིན་པ་དང་། ཆིག་སྟོང་ནི་ 103 ཡིན་པས།  103 ཡིན་པ་ 5= 5,000

ཁྱེད་ཀྱིས་མཐོང་ཐུབ་བམ། 103 ནི་ཀླད་ཀོར་(ཐིག་ལེ་)གསུམ་གྱི་སྟབས་བདེའི་འབྲི་སྟངས་ཤིག་ཡིན།

ཚན་རིག་པ་དང་བཟོ་སྐྲུན་འཆར་འགོད་པས་རྒྱུན་དུ་ཤིན་ཏུ་ཆེ་བའི་གྲངས་དང་ཤིན་ཏུ་ཆུང་བའི་གྲངས་བེད་སྤྱོད་བྱེད་ཀྱི་ཡོད།

དཔེར་བརྗོད་གཉིས་པ།  ཉི་མའི་ལྗིད་ཚད་ལ་ 1.988 × 1030 kg ཡོད།

གལ་ཏེ་དེ་ལྟར་མ་བྲིས་པར་ 1,988,000,000,000,000,000,000,000,000,000 kg ལྟར་བྲིས་ན་ནི་རྙོག་གྲ་ཆེན་པོ་ཞིག་ཡིན་པ་མ་ཟད་ད་དུང་ཀླད་ཀོར་གྱི་ཁ་གྲངས་ཀྱང་ནོར་ཉེན་ཡོད།

དཔེར་བརྗོད་གསུམ་པ། འོད་ལོ་གཅིག་ཅེས་ཟེར་བ་ནི་འོད་ཀྱིས་ལོ་གཅིག་ལ་སྐྱོད་པའི་རིང་ཚད་ལ་གོ་བ་ཡིན།

ཤེས་གསལ་ལྟར་འོད་ཀྱིས་ལོ་གཅིག་ནང་སྐྱོད་པའི་རིང་ཚད་ནི་སྨི་ 9.461 × 1015 ཡིན། དེ་ཡང་ 9,461,000,000,000,000 ལྟར་མཚོན་པ་ལས་མང་པོས་སྟབས་བདེ་བ་ཡོད།

དེར་ 10 ཡི་ཐེངས་གྲངས་ཀྱིས་སིལ་གྲངས་ཚེག་དེ་གཡས་སུ་གནས་ག་ཚོད་སྤོ་དགོས་པ་གསལ་བཤད་བྱས་ཡོད།

དཔེར་བརྗོད་བཞི་པ།  1.35 × 104 =?

དེ་ཡང་ 1.35 × (10 × 10 × 10 × 10) = 1.35 × 10,000 = 13,500

སྟེ་སིལ་ཚེག་དེ་གཡས་སུ་གནས་ 4 འཕོས་པ་ཡིན།

1.35 13.5 135. 1350. 13500.

ཐེངས་གྲངས་མོ་དང་གྲངས་ཆུང་ངུའི་མཚོན་སྟངས།

དཔེར་ན།   5.1×10-4 = 5.1 ÷ 10 ÷ 10 ÷ 10 ÷ 10 = 0.00051 

སྟེ་སིལ་ཚེག་དེ་གཡོན་དུ་གནས་ 4 འཕོས་པ་ཡིན།   དེ་ལྟར་ཐེངས་ཆེ་རུ་འགྲོ་སྐབས་མཐའ་འབྲས་ནི་ཆུང་དུ་འགྲོ་བ་ཡིན།

5.1 0.51 0.051 0.0051 0.00051

ཤིན་ཏུ་ཆུང་བའི་གྲངས་ཤིག་ལ་མཚོན་ན་དེའི་སིལ་ཚེག་མས་སུ་ཐོན་པའི་གྲངས་གནས་ཀྱང་ཤིན་ཏུ་མང་པོ་ཡོད། གལ་ཏེ་ང་ཚོས་རྒྱུན་གཏན་གྲངས་ཀྱི་བྲིས་སྟངས་ལྟར་བྱས་ན་གྲངས་གནས་ཤིན་ཏུ་མང་བས་རྙོག་གྲ་ཆེན་པོ་ཡོད་པ་མ་ཟད་སིལ་ཚེག་མས་སུ་གྲངས་གནས་ཇི་ཙམ་ཐོན་པ་ཡང་མཐོང་ཁག་པོ་རེད། འོན་ཀྱང་བཅུ་ཡི་མོའི་ཐེངས་གྲངས་ཀྱིས་མཚོན་ན་སྟབས་བདེ་བས་མ་ཚད་ད་དུང་གྲངས་དེ་ཇི་ལྟར་ཆུང་བ་ཡིན་མིན་མོའི་ཐེངས་གྲངས་ནས་གསལ་པོར་ཤེས་ཡོང་།

རྒྱུན་དུ་ཚན་རིག་ཞིབ་འཇུག་པས་ཤིན་ཏུ་ནས་ཆེ་བ་དང་ཆུང་བའི་གྲངས་རིགས་གཉིས་བཅུ་ཡི་ཐེངས་གྲངས་ཕོ་དང་མོ་བྱས་ནས་མཚོན་གྱི་ཡོད། དེར་བརྟེན་དམིགས་བསལ་གྲངས་ཀྱི་མཚོན་སྟངས་དེ་རིགས་ལ་ཚན་རིག་མཚོན་སྟངས་ཀྱང་ཟེར་གྱི་ཡོད།

༢༠༡༦ ལོའི་ཟླ་བ་ ༥ པའི་ཚེས་ ༦ ཉིན།

ལྷག་པ་ཚེ་རིང་ནས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » 10 ཡི་རང་སྒྱུར་དང་དེ་ལས་བྱུང་བའི་དམིགས་བསལ་གྲངས་ཀྱི་མཚོན་སྟངས་ཤིག།
མཉམ་སྤྱོད།:
ཡག་པོ་འདུག(4) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏