གྲངས་ཀྱི་རང་སྒྱུར།

དང་པོ། གྲངས་ཀྱི་རང་སྒྱུར།

གྲངས་ཤིག་གི་རང་སྒྱུར་གྱིས་གྲངས་དེ་རང་གིས་རང་ལ་ཐེངས་ག་ཚོད་བསྒྱུར་བ་གསལ་བཤད་བྱེད་ཀྱི་ཡོད།

82 ནང་དུ་ “2” ཀྱིས་གྲངས་ 8 དེ་ཐེངས་གཉིས་བསྒྱུར་བ་གསལ་བཤད་བྱས་ཡོད་པས། 2 ལ་ཐེངས་གྲངས་སམ་ཐེངས་ཟེར་བ་དང་ 8 ལ་ཞབས་གྲངས་སམ་ཞབས་ཟེར།
དེར་བརྟེན།  82 = 8 × 8 = 64  རྒྱུན་དུ་ཁ་ནས་ 82 ལ་ 8 ཀྱི་ཐེངས་ 2 སྒྱུར་རམ་ 8 རང་ 2 སྒྱུར་ཞེས་བརྗོད་པས་ཆོག།

དཔེར་བརྗོད་དང་པོ།  53 = 5 × 5 × 5 = 125

  • རྗོད་སྟངས།  53 ལ་ 5 ཡི་ཐེངས་གསུམ་སྒྱུར་རམ་ཡང་ན་ 5 རང་གསུམ་སྒྱུར་ཞེས་ཟེར།

དཔེར་བརྗོད་གཉིས་པ།  24 = 2 × 2 × 2 × 2 = 16

  • རྗོད་སྟངས།  24 ལ་ 2 ཡི་ཐེངས་བཞི་སྒྱུར་རམ་ཡང་ན་ 2 རང་བཞི་སྒྱུར་ཞེས་ཟེར།

གྲངས་ཀྱི་རང་སྒྱུར་ལ་ལག་པས་འབྲི་བདེ་བ་དང་ཁ་ནས་འདོན་བདེ་བའི་ཁྱད་ཆོས་ཡོད།

དཔེར་ན།  96 ནི་ 9 × 9 × 9 × 9 × 9 × 9 ལས་འབྲི་བདེ་ལ་འདོན་བདེ་བ་ཡིན།

ཁྱེད་ཀྱི་འདོད་པ་ལྟར་གྲངས་གང་རུང་ཞིག་ཐེངས་གང་རུང་ཞིག་རང་སྒྱུར་བྱས་ཆོག།

སྤྱིར་བཏང་དུ།

an ནི་གྲངས་ a དེ་ཐེངས་ n རང་སྒྱུར་བྱས་པ་ཡིན། exponent definition

གཉིས་པ། ཐེངས་གྲངས་མོ་ཡིན་པ།

གོང་དུ་རང་སྒྱུར་གྱི་ཐེངས་གྲངས་ནི་ཕོ་གྲངས་ཡིན་དུས་གྲངས་དེ་ཐེངས་དེ་ཙམ་གྱིས་བསྒྱུར་བ་ཡིན། དེ་ཡང་གྲངས་དེས་གྲངས་ 1 ལ་ཐེངས་དེ་ཙམ་གྱིས་བསྒྱུར་བར་གོ་ན་ཡང་ཆོག། མོ་གྲངས་ནི་ཕོ་གྲངས་ཀྱི་ལྡོག་ཕྱོགས་ཡིན་པ་དང་བགོད་རྩིས་ནི་སྒྱུར་རྩིས་ཀྱི་ལྡོག་ཕྱོགས་ཡིན་པས། གལ་ཏེ་གྲངས་ཤིག་གི་རང་སྒྱུར་ཐེངས་གྲངས་ནི་མོ་གྲངས་ཡིན་ན་ང་ཚོས་གྲངས་དེས་གྲངས་ 1 ལ་ཐེངས་དེ་ཙམ་གྱིས་བགོས་པས་ཆོག།

དཔེར་བརྗོད་དང་པོ།     8-1 = 1 ÷ 8 = 0.125

དཔེར་བརྗོད་གཉིས་པ།    5-3 = 1 ÷ 5 ÷ 5 ÷ 5 = 0.008

དེ་ཡང་ཕྱོགས་གཞན་ཞིག་ནས་བརྩིས་ན་སྟབས་བདེ་བར་སྣང་།

5-3 =1 ÷ (5 × 5 × 5) = 1/53 = 1/125 = 0.008

སྤྱིར་བཏང་དུ།

དཔེར་བརྗོད་མཐའ་མ་དེ་ལས་ང་ཚོར་ཐེངས་གྲངས་མོ་ཡིན་པའི་གྲངས་ཀྱི་རང་སྒྱུར་རྩི་སྟངས་ཤིག་ཐོབ།

negative-exponent
  • ཐེངས་གྲངས་ཕོ་ཡི་རང་སྒྱུར་རྩི་བ། (an)
  • དེ་ནས་གྲངས་ཐང་དེས་གྲངས་ 1 ལ་བགོ་བ། (1/an)

དཔེར་བརྗོད་འགའ།

ཐེངས་གྲངས་མོ་ཡིན་པ། ཐེངས་གྲངས་ཕོ་རུ་བརྗེ་བ། ཐོབ་གྲངས།
4-2 = 1 / 42 = 1/16 = 0.0625
10-3 = 1 / 103 = 1/1,000 = 0.001
(-2)-3 = 1 / (-2)3 = 1/(-8) = -0.125

གཤམ་གསལ་རེའུ་མིག་གིས་གྲངས་ཤིག་གི་ཐེངས་གྲངས་སྣ་ཚོགས་ཡིན་པའི་སྐོར་གསལ་བཤད་བྱས་ཡོད། དེ་ལྟར་གྲངས་ཤིག་གི་ཐེངས་གྲངས་ཀྱི་དོན་སྙིང་ལ་གོ་བ་བླངས་ཆོག་ལ་དམིགས་བསལ་ཐེངས་གྲངས་ནི་ 1 དང་ 0 ཡིན་སྐབས་ཀྱི་དོན་སྙིང་ཡང་ངང་གིས་ཤེས་ཐུབ།

5 ཡི་རང་སྒྱུར་དཔེར་བརྗོད་པ།
ལ་སོགས་པ།
52 1 × 5 × 5 25
51 1 × 5 5
50 1 1
5-1 1 ÷ 5 0.2
5-2 1 ÷ 5 ÷ 5 0.04
ལ་སོགས་པ།

རེའུ་མིག་ཏུ། 50 ནི་དཀྱིལ་ན་གནས་ཡོད་པར་ཆ་བཞག་ན། དེ་ནས་སྟེང་ཕྱོགས་སུ་གྲངས་ནི་རིམ་བཞིན་ཆེ་རུ་འགྲོ་བ་མ་ཟད་ལྡབ 5 རུ་འགྲོ་བ་ཡིན། དེ་ནས་འོག་ཕྱོགས་སུ་གྲངས་ནི་རིམ་བཞིན་ཆུང་དུ་འགྲོ་བའམ་ཡང་ན་ཁུམས་འགྲོ་བ་མ་ཟད 1/5 ཏུ་འགྲོ་བ་ཡིན།  ཕྱོགས་གཞན་ཞིག་ནས་བལྟས་ན། འོག་ཕྱོགས་ནས་སྟེང་ཕྱོགས་སུ་གྲངས་ནི་རིམ་བཞིན་ཆེ་རུ་འགྲོ་བ་དང་ཐེངས་རེར་གོང་གི་ལྡབ 5 རུ་འགྲོ་བ་ཡིན། སྟེང་ཕྱོགས་ནས་འོག་ཕྱོགས་སུ་གྲངས་ནི་གཅིག་གྱུར་ལྟར་ཆུང་དུ་འགྲོ་བ་དང་ཐེངས་རེར་གོང་གི 1/5 ཏུ་ཆུང་དུ་འགྲོ་བའམ་ཡང་ན་ཁུམས་འགྲོ་བ་ཡིན།

གསུམ་པ། མཉམ་སྡེབ་བྱེད་དུས་དོ་སྣང་བྱ་དགོས་པ།

སྐབས་རེ་མ་འཁྲུལ་བའི་ཆེད་དུ་ང་ཚོས་གྲངས་གང་གི་རང་སྒྱུར་ཡིན་པ་གསལ་པོར་མཚོན་ཆེད་གྲངས་དེ་གུག་རྟགས་ ( ) ནང་དུ་འཇོག་གི་ཡོད།

གཤམ་གསལ་རེའུ་མིག་ནང་དུ་གུག་རྟགས་ཡོད་མེད་ཀྱི་དབྱེ་བར་ཉམས་ཞིབ་ཅིག་བྱ།

( ) ཡོད་པ། (-2)2 = (-2) × (-2) = 4
( ) མེད་པ། -22 = -(22) = ” (2 × 2) = -4
( ) ཡོད་པ། (ab)2 = ab × ab=a2b2
( ) མེད་པ། ab2 = a × (b)2 = a × b × b=ab2

 

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » གྲངས་ཀྱི་རང་སྒྱུར།
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏