བོར་ཧྥུའི་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོའི་གྲངས་རིག་པ་ཁྲིན་ཞིན་ཞེན།

གྲངས་རིག་པའི་ཁོངས་སུ།  བོར་ཧྥུའི(沃尔夫,Wolf Prize)བྱ་དགའ་དང་ཧྥེར་ཚི (菲尔兹,Fields Medal) བྱ་དགའ་གཉིས་ནི་ཚང་མས་ཁས་ལེན་བཞིན་པའི་ནོར་པེར་བྱ་དགའ་དང་དོ་ཟླར་འོང་བའི་གྲངས་རིག་བྱ་དགའ་རེད། 

ཧྥེར་ཚི་བྱ་དགའ་ནི་གཙོ་བོ་དེང་རབས་གྲངས་རིག་ཁྲོད་དུ་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་མཁན་ལ་སྤྲོད་པ་ཡིན་ལ།  བོར་ཧྥེར་ཚི་བྱ་དགའ་ནི་གཙོ་བོ་གྲངས་རིག་གསར་གཏོད་ཀྱི་བྱ་གཞག་དང་འཛམ་གླིང་སྟེང་མིང་དུ་གྲགས་པའི་གྲངས་རིག་མཁས་པར་སྤྲོད་པའི་བྱ་དགའ་ཞིག་རེད།
བྱ་དགའ་འདིའི་ལམ་ལུགས་བཙུགས་པ་ནས ༡༩༩༠ ལོའི་བར་དུ་འཛམ་གླིང་སྟེང་གི་གྲངས་རིག་པ ༢༤ ཡིས་བྱ་དགའི་རྟགས་མ་འདི་བླངས་མྱོང༌།  དགེ་རྒན་ཆེན་མོ་ཁྲིན་ཞིན་ཞེན(程省身,Shiing-Shen Chern)ནི་དེའི་ནང་ནས་གཅིག་རེད།  ཁོང་གི་ཧྲིལ་གཟུགས་ཆ་ཕྲན་དབྱིབས་རྩིས་ཀྱི་བྱ་གཞག་གིས༡༩༨༤ལོར་བོར་ཧྥུའི་བྱ་དགའི་རྟགས་མ་འདི་བླངས་པ་རེད།  དགེ་རྒན་ཆེན་མོ་ཁྲིན་ཞིན་ཞེན་ནི་ཀྲེ་ཅང་ཅ་ཞིན་གྱི་མི་ཡིན་ལ་ཨ་མེ་རི་ཁ་ནས་གཏན་སྡོད་བྱས་མྱོངས།  ཁོང་ཉིད་དགུང་ལོ༡༥སོན་དུས་ཐེན་ཅིན་ནན་ཁེ་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་དེའི་རྗེས་ནས་ཆིན་ཧྭ་སློབ་ཆེན་གྱི་ཞིབ་འཇུག་གླིང་དུ་སློབ་གཉེར་བྱས།  ༡༩༣༤ལོར་མཐར་ཕྱིན་རྗེས་འཇར་མན་དུ་སློབ་སྦྱོང་བྱེད་པར་ཕེབས་ནས་ལོ་གཅིག་དང་ཟླ་གསུམ་ཏག་ཏག་གི་དུས་ཚོད་ཐུང་ངུའི་ནང་ཧན་ཏེ་པའོ་སློབ་ཆེན་གྱི་འབུམ་རབས་པའི་ཡོན་ཚད་གྱི་ཐོབ་ཐང་བླངས།
ཁོང་གིས་གྲངས་རིག་ཕྱོགས་སུ་གྲུབ་འབྲས་ཕུལ་དུ་བྱུང་བ་བཞག་པ་མ་ཟད་ད་དུང་འཛམ་གླིང་གི་ཆུ་ཚད་ལ་སླེབས་པའི་ཚན་རིག་པ་མང་བོ་ཞིག་གསོ་སྐྱོང་བྱས་ཡོད།  དཔེར་ན་ནོར་པེ་དངོས་ལུགས་བྱ་དགའ་ཐོབ་མཁན་ཡཱང་ཀྲེན་ནེན(杨振宁)དང༌།  ཧྥེར་ཚི་བྱ་དགའ་ཐོབ་མཁན་ཆོ་ཁྲིན་ཐོན(丘成桐)།  ཀྲུང་གོའི་རང་བྱུང་ཚན་རིག་རྟགས་མ་ཨང་དང་པོ་ཐོབ་མཁན་བོ་བུན་ཅོན(吴文俊)སོགས་ཡོད།  ལོ་གང་མང་མང་གི་རིང་ལ་དགེ་རྒན་ཆེན་མོ་ཁྲིན་ཞིན་ཞེན་ལགས་ཀྱིས་ཀྲུང་གོའི་གྲངས་རིག་ཞིབ་འཇུག་རྒྱ་བསྐྱེད་དང་འཕེལ་རྒྱས་ཀྱི་ཆེད་དུ་ཐེངས་མང་པོར་ཕྱིར་རང་རྒྱལ་དུ་ལོག་ཏེ་གྲོས་བསྡུར་འཛིན་གྲྭ་བཙུགས་ལ།  ད་དུང་རིག་གཞུང་བྱ་འགུལ་གང་མང་ཞིག་ལའང་མཛུབ་ཁྲིད་གནང༌།  ༡༩༨༥ལོར་ནན་ཁེ་སློབ་ཆེན་དུ་གྲངས་རིག་ཞིབ་འཇུག་ཁང་གསར་འཛུགས་བྱས་སྟེ་སྐུ་དངོས་ཀྱིས་གྲངས་རིག་ཞིབ་འཇུག་ཁང་གི་འགོ་གཙོའི་འགན་བཞེས།  དགེ་རྒན་ཆེན་མོ་ཁྲིན་ཞིན་ཞེན་ལགས་ཀྱིས་མ་འོངས་པའི་ཀྲུང་གོ་ནི་འཛམ་གླིང་སྟེང་གི་གྲངས་རིག་རྒྱལ་ཁབ་ཆེན་མོར་འགྱུར་ངེས་རེད་ཅེས་གསུངས་ཡོད།  

བཀྲ་ཤིས་གཡང་མོ་ནས།

༢༠༠༡༥ ལོའི་ཟླ་བ་ ༡༡ པའི་ཚེས་ ༡༡ ཉིན།

རྩིས་རིག་ཤེས་བྱའི་སྡོང་པོ་ནས་བརྒྱུད་སྤེལ་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » བོར་ཧྥུའི་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོའི་གྲངས་རིག་པ་ཁྲིན་ཞིན་ཞེན།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏