ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་རྩིས་འཁོར་བརྡ་འཕྲིན་སློབ་གླིང་གི་ངོ་སྤྲོད་རགས་བསྡུས།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ཚུན་གྱི་མི་རིགས་གྲངས་ཉུང་གི་སློབ་གྲྭ་ཆེན་མོ་ཐོག་མ་ཡིན། ༡༩༤༩ ལོའི་ཟླ ༧ པར་ལས་དོན་གྱི་དགོས་མཁོ་དང་ཡང་སྒོས་ནུབ་བྱང་མི་རིགས་ས་ཁུལ་དུ་ཆབ་སྲིད་ལས་བྱེད་གསོ་སྐྱོང་བྱ་བར་དམིགས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྐང་དམག་སྡེ་དང་པོ་དང་ཀན་སུའུ་ཞིང་ཆེན་དམག་དོན་དོ་དམ་ཚོགས་པ་ཟུང་ནས་ནུབ་བྱང་ས་ཁུལ་གྱི་གྲོང་ཁྱེར་གནད་པོ་ཆེ་ལན་གྲུར་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་གཉེར་བ་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ས་བོན་ལྟ་བུ་ཡིན། ལོ་དེ་རང་གི་ཟླ ༡༡ པར་དུས་བབ་ཀྱི་འགྲོས་བཞིན་དུ་འཛིན་གྲྭ་དེ་སློབ་གྲྭར་རྒྱ་བསྐྱེད་དེ་བོད་རིགས་སློབ་གྲྭར་མིང་འཕོས་ཤིང་མི་རིགས་ཁུལ་གྱི་སློབ་མ་བསྡུ་འགོ་བརྩམས། ༡༩༥༠ ལོའི་ཟླ་ དང་པོར་སློབ་གྲྭ་མིང་སླར་འཕོས་ཏེ་ནུབ་བྱང་མི་དམངས་གསར་བརྗེའི་སློབ་ཆེན་ལན་གྲུའི་ཡན་ལག་སློབ་གྲྭ་སྡེ་ཁག་གསུམ་པ་ཞེས་འབོད། ༡༩༥༠ ལོའི་ཟླ༨པར་ནུབ་བྱང་མི་རིགས་སློབ་གླིང་དངོས་སུ་དབུ་བརྙེས། 

སློབ་གླིང་འདི་ཉིད་དབུ་བརྙེས་པ་ལས་ཏང་དང་སྲིད་གཞུང་གིས་མི་རིགས་ཀྱི་མཐོ་རིམ་སློབ་གྲྭར་བཅངས་པའི་གཟིགས་མཐོང་ཆེན་མོ་ལེགས་པར་མཚོན་ནུས། ༡༩༧༩ ལོར་འདི་ག་སློབ་གླིང་དུ་རྩིས་དངོས་རྫས་ཀྱི་སྡེ་ཁག་བཙུགས། ༡༩༩༣ ལོར་སྔར་གྱི་རྩིས་དངོས་རྫས་ཀྱི་སྡེ་ཁག་དེ་རྩིས་རིག་སྡེ་ཁག་དང་དངོས་ལུགས་སྡེ་ཁག་རྫས་འགྱུར་སྡེ་ཁག་བཅས་སྡེ་ཁག་གསུམ་དུ་བགོས། ༢༠༠༤ ལོར་རྩིས་རིག་སྡེ་ཁག་དེ་རྩིས་འཁོར་ཚན་རིག་དང་བརྡ་འཕྲིན་བཟོ་སྐྲུན་སློབ་གླིང་དུ་མིང་བརྗེ། 

རྩིས་འཁོར་ཚན་རིག་དང་བརྡ་འཕྲིན་བཟོ་སྐྲུན་སློབ་གླིང་ལ་རྩིས་འཁོར་ཚན་རིག་དང་ལག་རྩལ། བརྡ་འཕྲིན་དང་རྩིས་འཁོར་ཚན་རིག་གྲངས་རིག་དང་གྲངས་རིག་བེད་སྤྱོད། འཕྲིན་སྐྱེལ་བཟོ་སྐྲུན། གྲངས་རིག་དང་གྲངས་རིག་བེད་སྤྱོད(རྒྱ་བོད་སྐད་གཉིས)བཅས་དངོས་གཞི་ཆེད་སྦྱོང་འཛིན་གྲྭ་ལྔ་དང༌། རྩིས་འཁོར་བེད་སྤྱོད་ལག་རྩལ་ཞིབ་འཇུག་ཁང་དང་གྲངས་རིག་བེད་སྤྱོད་ཞིབ་འཇུག་ཁང༌། སློབ་གཞི་དང་སློབ་ཁྲིད་དཔྱད་པའི་ཞིབ་འཇུག་ཁང(གྲངས་རིག)བཅས་ཡོད། 

༡༩༨༦ ལོར་བཙུགས་པའི་གྲངས་རིག་དང་གྲངས་རིག་བེད་སྤྱོད(རྒྱ་བོད་སྐད་གཉིས)འཛིན་གྲྭས་བོད་ཀྱི་སློབ་མ་རང་ལ་འཚམ་པར་བྱས་ཏེ་རྒྱ་བོད་སྐད་གཉིས་ཀྱི་སྒོ་ནས་གྲངས་རིག་དང་གྲངས་རིག་བེད་སྤྱོད་ཀྱི་རྩ་བའི་གཞུང་ལུགས་རྟོགས་དགོས་ཤིང༌། ཚན་རིག་གི་བསམ་གཞིགས་བྱ་ཐབས་ལྡན་པ། ཆ་ཚང་བའི་ཤེས་བྱའི་སྒྲིག་གཞི་འཛོམས་པ། དེང་གི་སློབ་གསོའི་གཞུང་ལུགས་དང་ལག་རྩལ་ཁོང་དུ་ཆུད་དགོས་པ་མ་ཟད། བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་མཁོ་བའི་ལས་གནས་སུ་འཇུག་པར་སྤྲོ་བའི་རང་བྱུང་ཚན་རིག་སྐོར་གྱི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་ཀྱིན་ཡོད།

རྒྱ་བོད་སྐད་གཉིས་གྲངས་རིག་འཛིན་གྲྭ་འདི་བཙུགས་ནས་ལོ་འཁོར་ཉེར་གསུམ་གྱི་རིང་བོད་ཁུལ་གྱི་གྲངས་རིག་སློབ་གསོའི་བྱ་བཞག་གི་ཕྱོགས་ལ་འགན་ཁུར་བའི་ཤེས་ལྡན་མི་སྣ་ལྔ་བརྒྱ་ལྷག་བསྐྱངས། འདི་དག་གིས་དེང་རབས་གྲངས་རིག་ལ་ཞིབ་འཇུག་བྱེད་ཞོར་བོད་རང་ཉིད་ཀྱི་སྐར་རྩིས་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་ཁ་བ་ཅན་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་གཏོང་བར་བརྩོན་བཞིན་མཆིས།

ཡོང་ཁུངས།

ནུབ་བྱང་མི་རིགས་སློབ་ཆེན་རྩིས་འཁོར་བརྡ་འཕྲིན་སློབ་གླིང་གི་གྲངས་རིག་དགེ་རྒན་ཆེན་མོ་ཤ་བོ་ཚེ་རིང་ནས།

༢༠༠༡༥ ལོའི་ཟླ་བ་ ༡༡ པའི་ཚེས་ ༡༡ ཉིན།

རྩིས་རིག་ཤེས་བྱའི་སྡོང་པོ་ནས་བརྒྱུད་སྤེལ་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་རྩིས་འཁོར་བརྡ་འཕྲིན་སློབ་གླིང་གི་ངོ་སྤྲོད་རགས་བསྡུས།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏