གྲངས་རིག་དགེ་རྒན་ཆེན་མོ་བ་ཤ་བོ་ཚེ་རིང་།

ཤ་བོ་ཚེ་རིང་ངམ་མཚན་གཞན་རིག་གྲོལ་ལགས་ནི་རབ་རྒྱལ་ཆུ་སྟག་སྤྱི་ལོ ༡༩༦༢ ལོའི་ཟླ་བ་ ༦ པར་མཚོ་སྔོན་གཅན་ཚ་སྣང་རར་འཁྲུངས།

༡༩༧༩ ལོའི་ཟླ ༩ ནས ༡༩༨༢ ལོའི་ཟླ ༧ བར་རྨ་ལྷོ་མི་རིགས་དགེ་སློབ་ཏུ་སློབ་གཉེར་བྱས་ཤིང་།  རྒན་དམ་པ་འཇམ་དབྱངས་དང་མཁའ་འབུམ་སོགས་ཀྱིས་གསུང་མཆིད་རྒྱས་པར་གནང་།

༡༩༨༢ ལོའི་ཟླ ༨ ནས ༡༩༨༣ ལོའི་ཟླ ༩ བར་གཅན་ཚ་མི་རིགས་སློབ་འབྲིང་དུ་ཕྱག་ལས་མཛད། ༡༩༨༣ ལོའི་ཟླ ༩ ནས ༡༩༨༦ ལོའི་ཟླ ༧ བར་མཚོ་སྔོན་སློབ་གསོ་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་།  དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ལགས་སོགས་ཀྱིས་ཐུགས་སྐྱོང་དམར་བར་གནང་།

༡༩༩༢ ལོའི་ཟླ ༩ ནས ༡༩༩༤ ལོའི་ཟླ ༦ བར་ལན་གྲུ་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་ཟབ་སྦྱོང་གནང་ཞིང་།   མཛུབ་སྟོན་དགེ་རྒན་ཆེན་མོ་ཧྥན་ཞན་ལིན་དང་ཀྲུང་ཁྲིན་ཁེ་གཉིས་ཀྱིས་གསུང་གི་བདུད་རྩི་གནང་། 

༢༠༠༠ ལོའི་ཟླ ༩ ནས ༢༠༠༣ ལོའི་ཟླ ༦ བར་ནུབ་བྱང་མི་རིགས་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་གཉེར་གནང་ཞིང་།   མཛུབ་སྟོན་དགེ་རྒན་ཆེན་མོ་དོར་ཞི་དང་ཁྲི་བསམ་གཏན་སོགས་ཀྱིས་བཀའ་གསུང་སྨིན་རྒྱས་སུ་བསྩལ།  སྤྱི་ལོ ༢༠༠༢ ཟླ ༩ ཚེས ༣༠ བར་ཚན་རིག་པ་ཆེན་པོ་ནོ་པེ་ཨར་བྱ་དགའ་ཐོབ་མཁན་ལིས་ཀྲིན་ཏོ་སྐུ་དངོས་ཀྱིས་ལིས་ཀྲིན་ཏོའི་བྱ་དགའི་རྟགས་མ་གནང་།

སྔ་གཞུག་ཏུ་རྗེ་འཇིགས་མེད་ཐེག་མཆོག་དང་ཆོས་རྗེ་མཆོག་དམིགས་སུ་བསྟེན་མུར་སུམ་རྟགས་དག་གསུམ་དང་ཚད་མ་རིག་པ།  ནང་དོན་རིག་པའི་ཆ་ལག་གསན་སྦྱོང་སྒོས་བག་ཆགས་ཟབ་མོ་བཞག  ཁྱད་པར་རྗེ་བསམ་འགྲུབ་རྒྱ་མཚོ་བསྟེན་ནས་སྐར་རྩིས་རིག་པའི་གཞུང་ལུགས་ལ་སྦྱང་བརྩོན་རྣལ་མ་གནང་།

ད་ལྟ་ཁོང་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་གྲངས་རིག་དགེ་རྒན་ཆེན་མོ་བ་ཞིག་ཡིན་པ་དང་།   རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཆེན་མོའི་འགན་བཞེས་བཞིན་ཡོད།། 

སྔ་ཕྱིར་ཁོང་གིས་ཞིང་ཆེན་ཡན་གྱི་རིམ་པའི་ཆེད་རྩོམ ༦༠ ལྷག་སྤེལ་ཡོད་པ་དང་དེ་དག་ལས་རྩོམ་ཡིག་འགར་བྱ་དགའ་ཐོབ་མྱོང་། 

ད་བར་ཁོང་གི་གསུང་རྩོམ ༡༨ པར་དུ་བསྐྲུན་ཡོད།

དེ་དག་ལས་དཔེ་ཆ་བཞི་མི་རིགས་སློབ་ཆེན་གྱི་བསླབ་གཞིར་བེད་སྤྱོད་བྱས་དང་བྱེད་མུས་ཡིན་པ་དང་།

ཁོང་གི་དཔེ་ཆ་ 《བུ་སྟོན་གྱི་སྐར་རྩིས》 དང་ 《སྐར་རྩིས་རྣམ་གཞག》 《ཉེར་མཁོའི་རྩིས་རྣམ་པད་ཆུན》 བཅས་གསུམ་ལ་ལྷོ་ནུབ་དང་ནུབ་བྱང་ཁུལ་གྱི་མཆོག་གྱུར་ཚན་རྩལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།

《བོད་ཡིག་བརྡ་འཕྲིན་མ་ལག》 ལ་རྒྱལ་ཁབ་དམངས་ཨུད་ཀྱི་་ཚན་རྩལ་བྱ་དགའ་ཨང་དང་པོ་ཐོབ་པ། 

《སྐད་གཉིས་དགེ་རྒན་གསོ་སྐྱོང》 དང་ 《མཐོ་རིམ་ཚབ་རྩིས》 གཉིས་ལ་ཞིང་ཆེན་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ།

《བོད་ཡིག་བརྡ་འཕྲིན་ཚེག་རྟགས་མ་ལག》 དང་ 《སྐད་གཉིས་གྲངས་རིག》 གཉིས་སོ་སོར་ཞིང་ཆེན་ཚན་རྩལ་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་ཐོབ་པ་བཅས་ཡིན། 

ད་བར་ཁོང་གིས་འགོ་འཛིན་གནང་བའི་ཞིང་ཆེན་རིམ་པའི་ལས་གཞི་གཉིས་དང་རྒྱལ་ཁབ་སློབ་གསོ་པུའུ་ཡི་ལས་གཞི་ཞིག་ལེགས་སྒྲུབ་བྱུང་ཡོད།

ད་ལྟ་ཁོང་གིས་ཞིབ་འཇུག་གནང་བཞིན་པ་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་མ་དངུལ་གྱི་ལས་གཞི་ཞིག་དང་རྒྱལ་ཁབ་རང་བྱུང་ཚན་རིག་མ་དངུལ་གྱི་ལས་གཞི་ཞིག་རེད་འདུག། ད་དུང་ཁོང་ནི་ལས་གཞི་དེ་གཉིས་ཀྱི་འགོ་འཛིན་པ་རེད་འདུག།

རྩིས་རིག་ཤེས་བྱའི་སྡོང་པོ་ནས།

༢༠༡༥ ལོའོ་ཟླ་བ་ ༡༠ པའི་ཚེས་ ༢༦ ཉིན།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » གྲངས་རིག་དགེ་རྒན་ཆེན་མོ་བ་ཤ་བོ་ཚེ་རིང་།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏