རི་མོ་འབྲི་ཆས།

འདིར་ mathisfun ལས་རི་མོ་འབྲི་ཆས་ཤིག་བརྒྱུད་སྤེལ་བྱས་ཡོད། ཁྱེད་ནས་དཀར་པང་སྟེང་དུ་རྩིས་རིག་དང་འབྲེལ་བ་ཡོད་པ་དང་ཡང་ན་འབྲེལ་བ་མེད་པའི་རི་མོ་གང་འདོད་ལྟར་བྲིས་ཆོགཔ་མ་ཟད། ད་དུང་དེ་ཚོ་པར་འདེབས་དང་ཉར་ཚགས་ཀྱང་བྱས་ཆོག།

གསལ་བཤད།

འབྲི་ཆས་གཡོན་དུ་རིམ་པ་བཞིན།

Pen Style ནི་སྨྱུ་གུ་ཡིན་པ་དང་དེར་གདམ་བྱ་བཅུ་ཡོད། གདམ་བྱ་ཞིག་གདམས་རྗེས་སྨྱུ་གུས་རི་མོ་དེ་རིགས་བྲི་བ་ཡིན།  Angle དང་ Sides གཉིས་ནི་ཟུར་དང་མཐའི་ཁ་གྲངས་ལྟ་བུ་ཡིན་སྲིད། ངས་གསལ་པོ་ཤེས་མ་སོང་། Thickness ནི་རི་མོའི་སྦོམ་ཕྲ་སྟེ་དེར་གདམ་བྱ་བདུན་འདུག། དེའི་གཤམ་དུ་ཚོན་མདོག་སྣ་ཁ་ ༣༢ ཡོད་པ་ལས་གཅིག་གདམས་ནས་རི་མོ་བྲིས་ཆོག།

འབྲི་ཆས་གཡས་སུ་རིམ་པ་བཞིན།

Clear ཡིས་བྲིས་པའི་རི་མོ་རྣམས་གཙང་མར་བཟོ་བ་ཡིན། Undo ཡིས་ཐེངས་མཐའ་མར་བྲིས་པའི་རི་མོ་དེ་མེད་པར་བཟོ་བ་ཡིན། དེའི་འོག་ཏུ་ནི་པར་འདེབས་དང་ཉར་ཚགས་ནུས་པ་གཉིས་ཡིན།  Snap ཡི་ནུས་པ་གང་ཡིན་ངས་ཀྱང་ཤེས་མ་སོང་། Grid ནི་དེ་ལ་མནན་ན་ཤེས། Fullscreen ཡིས་བྲིས་ཆས་སྒེའུ་ཁུང་ཆ་ཚང་གི་ཆེ་ཆུང་ཙམ་དུ་ཆེ་རུ་གཏོང་བ་དང་ཡང་ན་སླར་སྔོན་གྱི་ཆེ་ཆུང་ཙམ་དུ་ཕྱིར་ལོག་པ་ཡིན།

མཉེན་ཆས་ཡོང་ཁུངས།   http://www.mathsisfun.com/geometry/drawing.html

༢༠༡༥ ལོའི་ཟླ་བ་ ༡༠ པའི་ཚེས་ ༢༣ ཉིན།

རྩིས་རིག་ཤེས་བྱའི་སྡོང་པོ་ནས་བརྒྱུད་སྤེལ་བྱས།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(3)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།