སྐལ་མཚམས་བཞི་ཡི་ནང་གི་ Sine དང་ Cosine དང་ Tangent

དྲང་ཟུར་ཟུར་གསུམ་དབྱིབས་ལས་བྱུང་བའི་རྟེན་འབྱུང་གྲངས་དྲུག ཞེས་པ་ལས་ང་ཚོས་དྲང་ཟུར་ཟུར་གསུམ་དབྱིབས་ཀྱི་རྣོ་ཟུར་ཞིག་གི་རྟེན་འབྱུང་གྲངས་དྲུག་གི་གྲངས་ཐང་རྩི་ཐབས་ཤེས་ཡོད།

དེ་ཡང་རྣོ་ཟུར་གང་རུང་ཞིག་གི་ངོས་ནས་བཤད་ན་ང་ཚོས་དེ་ཚུད་པའི་དྲང་ཟུར་ཟུར་གསུམ་དབྱིབས་ཤིག་བཟོ་ཐུབ་པ་དང་དེ་ནས་དེའི་མཐའི་རིང་ཚད་གཞལ་ནས་ཟུར་དེའི་རྟེན་འབྱུང་གྲངས་ཀྱི་གྲངས་ཐང་རྩིས་ཆོག

འོ་ན་དྲང་ཟུར་ལས་ཆེ་བའི་ཟུར་གང་རུང་ཞིག་གི་རྟེན་འབྱུང་གྲངས་ཀྱི་གྲངས་ཐང་ཇི་ལྟར་བརྩི་ཞེ་ན། གལ་ཏེ་ང་ཚོས་དྲང་ཟུར་གསུམ་དབྱིབས་རིམ་པ་བཞིན་གནས་ཚད་མ་ལག་གི་སྐལ་མཚམས་བཞི་རུ་བཞག་ཚེ་རྣོ་ཟུར་དེ་དང་འབྲེལ་བའི་ཟུར་གྱི་རྟེན་འབྱུང་གྲངས་ཐང་རྩི་ཐུབ།

དེ་རིང་ང་ཚོས་དཔེར་བརྗོད་བརྒྱུད་རྣོ་ཟུར་ 30° དང་འབྲེལ་བའི་ཟུར་གཞན་ 150° དང 210° དང 330° བཅས་ཀྱི་རྟེན་འབྱུང་གྲངས་ཀྱི་གྲངས་ཐང་བརྩི་རྒྱུ་ཡིན། དེ་དང་རིགས་འགྲེ་སྟེ་རྣོ་ཟུར་གང་རུང་ཞིག་དང་འབྲེལ་བའི་སྐལ་མཚམས་བཞིའི་ཟུར་གྱི་རྟེན་འབྱུང་གྲངས་ཀྱི་གྲངས་ཐང་རྩིས་ཆོག ཕྱོགས་གཞན་ཞིག་ནས་བཤད་ན། དྲང་ཟུར་ལས་ཆེ་བའི་ཟུར་གང་རུང་ཞིག་གི་སྐལ་མཚམས་གཏན་ཁེལ་བྱས་རྗེས་དེ་དང་འབྲེལ་བའི་རྣོ་ཟུར་ལ་བརྟེན་ནས་དེའི་རྟེན་འབྱུང་གྲངས་ཐང་རྩིས་ཆོག

གལ་ཏེ་ང་ཚོས་རྣོ་ཟུར་ 30° དེ་སྐལ་མཚམས་རེ་རེར་བཞག་ན་གནས་ཚུལ་གང་འདྲ་ཞིག་འབྱུང་སྲིད་དམ།

སྐལ་མཚམས་དང་པོ།

སྐལ་མཚམས་དང་པོར་འཇོག་དུས་གནས་ཚུལ་ནི་སྔོན་མ་དང་འདྲ་བར་ sine དང་ cosine དང་ tangent ཡི་གྲངས་ཐང་ཚང་མ་ཕོ་ཡིན།

དཔེར་བརྗོད། 30° ཡི་ sine དང་ cosine དང་ tangent ཡི་གྲངས་ཐང་རྩི་བ།

Sine
sin(30°) = 1 / 2 = 0.5
Cosine
cos(30°) = 1.732 / 2 = 0.866
Tangent
tan(30°) = 1 / 1.732 = 0.577

 

སྐལ་མཚམས་གཉིས་པ།

སྐལ་མཚམས་གཉིས་པར་ x ཁ་ཕྱོགས་ནི་མོ་ཡིན་པས་ cosine དང་ tangent ཡི་གྲངས་ཐང་ཚང་མ་མོ་ཡིན།

དཔེར་བརྗོད། 150° ཡི་ sine དང་ cosine དང་ tangent ཡི་གྲངས་ཐང་རྩི་བ།

Sine
sin(150°) = 1 / 2 = 0.5
Cosine
cos(150°) = −1.732 / 2 = −0.866
Tangent
tan(150°) = 1 / −1.732 = −0.577

 

 

སྐལ་མཚམས་གསུམ་པ།

སྐལ་མཚམས་གསུམ་པར་ sine དང་ cosine ཡི་གྲངས་ཐང་ཚང་མ་མོ་ཡིན།

དཔེར་བརྗོད། 210° ཡི་ sine དང་ cosine དང་ tangent ཡི་གྲངས་ཐང་རྩི་བ།

Sine
sin(210°) = −1 / 2 = −0.5
Cosine
cos(210°) = −1.732 / 2 = −0.866
Tangent
tan(210°) = −1 / −1.732 = 0.577

 

 

 

སྐལ་མཚམས་བཞི་པ།

སྐལ་མཚམས་བཞི་པར་ sine དང་ tangent ཡི་གྲངས་ཐང་ཚང་མ་མོ་ཡིན།

དཔེར་བརྗོད། 330° ཡི་ sine དང་ cosine དང་ tangent ཡི་གྲངས་ཐང་རྩི་བ།

Sine
sin(330°) = −1 / 2 = −0.5
Cosine
cos(330°) = 1.732 / 2 = 0.866
Tangent
tan(330°) = −1 / 1.732 = −0.577

 

 

 

 

 

ང་ཚོས་ Sine དང་ Cosine དང་ Tangent ག་དུས་ཕོ་ཡིན་པར་བལྟས་ན། འདི་རུ་འགྲོས་སམ་འགྲོ་ལུགས་ཤིག་ཡོད་དེ།

  • སྐལ་མཚམས་དང་པོར་ཚང་མ་ཕོ་ཡིན།
  • སྐལ་མཚམས་གཉིས་པར་ Sine ཁོ་ན་ཕོ་ཡིན།
  • སྐལ་མཚམས་གསུམ་པར་ Tangent ཁོ་ན་ཕོ་ཡིན།
  • སྐལ་མཚམས་བཞི་པར་ Cosine ཁོ་ན་ཕོ་ཡིན།

དཔྱད་གཞི།

http://www.mathsisfun.com/algebra/trig-four-quadrants.html

༢༠༡༥ ལོའི་ཟླ་བ་ ༩ པའི་ཚེས་ ༢༢ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྱུར་བྱས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » སྐལ་མཚམས་བཞི་ཡི་ནང་གི་ Sine དང་ Cosine དང་ Tangent
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏