མདའ་གནས་ཚད་ལ་འཕེན་ནས་སྐར་གྲངས་གསོག་པ། འགུལ་རིས།

འགུལ་རིས་སུ་སྤྲད་པའི་ཚེག་གི་གནས་ཚད་དེ་མ་ལག་སྟེང་གི་གནས་ས་གང་དུ་ཡོད་པ་བཙལ་ནས་དེར་མདའ་འཕེན་དང་།

གདམ་བྱ་ཞིག་ལ་ཚེག་འགའ་ཡི་གནས་ཚད་སྤྲོད་པས་དེ་དག་གི་གནས་སར་གཏན་ཁེལ་དུས་ཚོད་ནང་མདའ་འཕངས་ཐུབ་པ་བྱ་དགོས། དུས་ཚོད་རྫོགས་རྗེས་ཁྱེད་ཀྱི་སྐར་གྲངས་འཆར་འོངས།

དེ་ནས་སླར་གདམ་བྱ་གཞན་གདམས་ཆོག

ཐོག་མར་མངོན་པའི་གྲུ་བཞི་སྔོན་པོར་གདམ་བྱ་ཁྱོན་བདུན་ཡོད་པ་གཤམ་གསལ།

དང་པོ།    Beginner ནི་ལས་དང་པོ་བ་ཞེས་པ་དང་།

གཉིས་པ།   Easy ནི་ལས་སླ་བ་ཡིན་པ་དང་།

གསུམ་པ།    Medium ནི་འབྲིང་དང་།

བཞི་པ།     Quadrant II ནི་སྐལ་མཚམས་གཉིས་པ་དང་།

ལྔ་པ།      Quadrant III ནི་སྐལ་མཚམས་གསུམ་པ་དང་།

དྲུག་པ།     Quadrant IV ནི་སྐལ་མཚམས་བཞི་པ་དང་།

བདུན་པ།    All Four Quadrants ནི་སྐལ་མཚམས་བཞི་ཚང་མ་ཡོད་པ་བཅས་ཡིན་ནོ།

གདམ་བྱ་ཞིག་གདམས་ནས་བསྒྲུབས་རྗེས་ Total Score ཞེས་པར་ཁྱེད་རང་ལ་ཐོབ་པའི་སྐར་གྲངས་བཀོད་ཡོད། དེ་ནས་མུ་མཐུད་ནས་དེ་རིགས་བསྒྲུབས་ཆོག་ལ་ཡང་ན་ Options ཞེས་པ་གནན་ནས་སླར་གདམ་བྱ་གཞན་ཞིག་གདམས་ཀྱང་ཆོག་གོ །

འབྱུང་ཁུངས། http://www.mathsisfun.com/data/click-coordinate.html

༢༠༡༥ ལོའི་ཟླ་བ་ ༩ པའི་ཚེས་ ༢ ཉིན།

ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » མདའ་གནས་ཚད་ལ་འཕེན་ནས་སྐར་གྲངས་གསོག་པ། འགུལ་རིས།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏