དྲང་ཟུར་གནས་ཚད་མ་ལག འགུལ་རིས།

ང་ཚོས་དྲང་ཟུར་གནས་ཚད་མ་ལག་སྐོར་སློབ་སྦྱོང་བྱས་ཟིན་པ་ཡིན།

དེ་རིང་ང་ཚོས་འགུལ་རིས་བརྒྱུད་ནས་མིག་མཐོང་ལག་ཟིན་གྱིས་དེར་ཉམས་ལེན་བྱ་རྒྱུ་ཡིན།

ཁྱེད་ཀྱིས་འགུལ་རིས་སྟེང་གི་ཚེག་དེ་འདྲུད་ནས་ཉམས་ལེན་བྱེད་དང་།

སྤྱོད་སྟངས་གསལ་བཤད།

དང་པོ།     གཡས་སྟེང་དུ་ Coords ཞེས་པ་གནན་ནས་ཚེག་གི་གནས་ཚད་མངོན་པའམ་ཡང་ན་མི་མངོན་པར་བྱེད།

གཉིས་པ།   གཡས་སྟེང་དུ་ Lines ཞེས་པ་གནན་ནས་ཚེག་གི་རིང་ཚད་དང་མཐོ་ཚད་མངོན་པའམ་ཡང་ན་མི་མངོན་པར་བྱེད།

གསུམ་པ།   གཡས་སྟེང་དུ་ Join ཞེས་པ་གནན་ཏེ་ཚེག་ཕན་ཚུན་སྦྲེལ་ནས་གྲུབ་པའི་ཐིག་དུམ་དང་མཐའ་མང་དབྱིབས་སོགས་མངོན་པའམ་ཡང་ན་མི་མངོན་པར་བྱེད།

བཞི་པ། གཡས་སྟེང་དུ་ Quadrants ཞེས་པ་གནན་ནས་གནས་ཚད་མ་ལག་གི་སྐལ་མཚམས་མངོན་པའམ་ཡང་ན་མི་མངོན་པར་བྱེད།

ལྔ་པ། འོག་ཏུ་ Zoom གཡས་ཀྱི་གྲུ་བཞི་ཆུང་ཆུང་དེ་གནན་ནས་འདྲུད་ཏེ་རིས་དབྱིབས་ཀྱི་ཆེ་ཆུང་ལ་འགྱུར་བ་གཏོང་བ་ཡིན།

དྲུག་པ། འོག་ཏུ་ Fit ཞེས་པ་གནན་ན་རིས་དབྱིབས་ཀྱི་ཆེ་ཆུང་དེ་གནས་སའི་གྲུ་བཞི་ནང་དུ་ཏག་ཏག་ཁེལ་བ་ཞིག་ཡིན།

བདུན་པ། འོག་ཏུ་ Edit ཞེས་པ་གནན་ན་གྲུ་བཞི་གསར་པ་ཞིག་འཆར་འོངས། དེར་ཚེག་གི་གནས་ཚད་ཁ་སྣོན་བྱས་ཆོག་ལ་བསུབས་ཀྱང་ཆོག དེ་ལྟར་བྱས་རྗེས་གདམ་བྱ་གདམས་པས་ཚེག་དེ་དག་མ་ལག་ཏུ་མངོན་པར་བྱེད།

འབྱུང་ཁུངས། http://www.mathsisfun.com/data/cartesian-coordinates-interactive.html

༢༠༡༥ ལོའི་ཟླ་བ་ ༩ པའི་ཚེས་ ༢ ཉིན།

ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(1)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།