དྲང་ཟུར་གནས་ཚད་མ་ལག

ང་ཚོས་ཡང་སྙིང་ཁྱེད་རང་གང་ན་ཡོད།ཞེས་པར་དངོས་དཔེ་ཞིག་བརྒྱུད་ནས་དྲང་ཟུར་གནས་ཚད་མ་ལག་སྐོར་ལ་ངོ་སྤྲོད་ཅིག་བྱས་ཡོད།

ཐ་སྙད་ཤན་སྦྱར།

གནས་ཚད 坐标 coordinates
དྲང་ཟུར་གནས་ཚད་མ་ལག 直角坐标系 Cartesian Coordinates
མདའ axis
མ་ཚེག 原点 the origin
སྐལ་མཚམས 象限 quadrants
རྩ་གྲངས 维数 dimension

དྲང་ཟུར་གནས་ཚད་མ་ལག་གིས་མ་ཚེག་གམ་ཡང་ན་ལྟེ་བ་ལ་གཞིགས་ཏེ་རིས་དབྱིབས་སམ་ཡང་ན་ས་ཆ་ཞིག་གི་སྟེང་དུ་ཁྱེད་རང་གི་གནས་ས་གང་ན་ཡོད་པ་གསལ་བཤད་བྱེད་ཐུབ།

སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག

སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ཏུ་ང་ཚོས་མ་ཚེག་ལས་འགོ་བརྩམས་ཏེ་རིས་དབྱིབས་སྟེང་གི་ཚེག་ཅིག་གི་རིང་ཚད་ལ་ཇི་ཙམ་ཡོད་པ་དང་མཐོ་ཚད་ལ་ཇི་ཙམ་ཡོད་པ་གཏན་ཁེལ་བྱས་ཆོག

graph with point (12,5)

ཚེག་ (12 ,5) ནི་རིང་ཚད་ 12 དང་མཐོ་ཚད་ 5 སར་ཡོད།

མདའ་ X དང་ Y

སྙོམས་ངོས་གནས་ཚད་མ་ལག་ནི་གྲངས་ཐིག་གཉིས་དྲང་ཟུར་དུ་བསྣོལ་ནས་གྲུབ་པ་ཞིག་ཡིན། གྲངས་ཐིག་དེ་གཉིས་ལ་མདའ་ཟེར་ཞིང་བསྣོལ་ས་ལ་མ་ཚེག་གམ་ཡང་ན་ལྟེ་བ་ཟེར།

x axis

གཡོན་ནས་གཡས་ཕྱོགས་སུ་ཕྱིན་པའི་ཆུ་སྙོམས་འཕྲེད་ཐིག་ལ་མདའ་ X ཟེར། གཡོན་ནི་མོ་ཕྱོགས་དང་གཡས་ནི་ཕོ་ཕྱོགས་ཡིན།

y axis

འོག་ནས་སྟེང་ཕྱོགས་སུ་ཕྱིན་པའི་གཞུང་ཐིག་ལ་མདའ་ Y ཟེར། འོག་ནི་མོ་ཕྱོགས་དང་སྟེང་ནི་ཕོ་ཕྱོགས་ཡིན།

གཡོན་ལྟར་མདའ་གཉིས་དྲང་ཟུར་དུ་བསྣོལ་ནས་བཞག་ན་ང་ཚོར་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ཅིག་ཐོབ།

དེ་ནས་ང་ཚོས་དེའི་སྟེང་གི་ཚེག་གི་གནས་སའམ་ཡང་ན་གནས་ཚད་གཏན་འཁེལ་བྱས་ཚོག

མདའ་གཉིས་ཀྱི་བསྣོལ་སམའ་ཡང་ན་མ་ཚེག་ནི་གཡས་གཡོན་དང་སྟེང་འོག་གང་དུའང་ཕྱིན་མེད་པས་མ་ཚེག་གི་གནས་ཚད་ནི་ (0,0) ཡིན། ང་ཚོས་མ་ཚེག་ནས་འགོ་འཛུགས་ཏེ་ཚེག་གཞན་རྣམས་ཀྱི་གནས་ཚད་གཏན་འཁེལ་བྱེད་ཀྱི་ཡོད།

དཔེར་བརྗོད།

ཚེག་ (6,4) ནི་མ་ཚེག་ནས་གཡས་སུ་ 6 དང་སྟེང་དུ་ 4 ཡི་སར་ཡོད།

གལ་ཏེ་ཁྱེད་རང་མ་ཚེག་ནས་ཐོན་ཏེ་གཡས་སུ་ 6 དང་སྟེང་དུ་ 4 ཕྱིན་ན་ཚེག་དེར་བསླེབས་ཐུབ།

 

དཔེར་བརྗོད།

ཚེག་ (-6,4) ནི་མ་ཚེག་ནས་གཡོན་དུ་ 6 དང་སྟེང་དུ་ 4 ཡི་སར་ཡོད་པ་དང་།

ཚེག་ (-6,-4) ནི་མ་ཚེག་ནས་གཡོན་དུ་ 6 དང་འོག་ཏུ་ 4 ཡི་སར་ཡོད་པ།

ཚེག་ (6,-4) ནི་མ་ཚེག་ནས་གཡས་སུ་ 6 དང་འོག་ཏུ་ 4 ཡི་སར་ཡོད་པ་ལྟ་བུ་རིགས་འགྲེ་པར་བྱའོ།

སྐལ་མཚམས་བཞི།

སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་གིས་སྙོམས་ངོས་ཤིག་ཏག་ཏག་དུམ་བུ་བཞི་རུ་ཕྱེ་ཡོད། དུམ་བུ་བཞི་པོ་དེ་དག་ལ་ང་ཚོས་སྐལ་མཚམས་བཞི་ཟེར།

སྐོར་ར་ཕྱི་སྐོར་ཚུལ་དུ་རིམ་པ་བཞིན་སྐལ་མཚམས་དང་པོ་ I དང་གཉིས་པ་ II གསུམ་པ་III བཞི་པ་ IV བཅས་ཡིན།

སྙོམས་ངོས་ཀྱི་ཚེག་ཡོད་ཚད་ལས་ཉུང་ཤས་ཤིག་མདའ་གཉིས་ཀྱི་ཐོག་ཏུ་གནས་ཡོད་པ་དང་མང་ཆེ་བ་ནི་སྐལ་མཚམས་བཞི་རུ་གནས་ཡོད།

སྐལ་མཚམས་གཅིག་པའི་ཚེག་གི་གནས་ཚད་ལ་ཐུན་མོང་གི་རང་བཞིན་ལྡན་ཡོད། དེ་ཡང་སྐལ་མཚམས་དང་པོ་ནི་གཡས་སྟེང་དང་གཉིས་པ་ནི་གཡོན་སྟེང་། གསུམ་པ་ནི་གཡོན་འོག བཞི་པ་ནི་གཡས་འོག་ཏུ་གནས་པ་བཅས་ཡིན།

སྐལ་མཚམས

 X
(འཕྲེད)

 Y
(གཞུང)

དཔེ་མཚོན

I

ཕོ

ཕོ

(3,2)

II

མོ

ཕོ

 

III

མོ

མོ

(-2,-1)

IV

ཕོ

མོ

 

རྩ་གྲངས་ 1 དང་ 2 དང་ 3 ལ་སོགས་པ།

རྩ་གཅིག

 གྲངས་ཐིག་ཐོག་ཁྱེད་རང་མ་ཚེག་ནས་བསྐྱོད་ན་འགྲོ་ས་གཡས་གཡོན་ཏེ་རྩ་བའི་ཁ་ཕྱོགས་གཅིག་ལས་མེད་པས་ཁྱེད་ཀྱི་གནས་ས་མཚོན་པར་གྲངས་གཅིག་གི་ཆོག དེར་རྟེན་གྲངས་ཐིག་ནི་རྩ་ 1 ཡིན།

རྩ་གཉིས

སྙོམས་ངོས་ཐོག་ཁྱེད་རང་མ་ཚེག་ནས་བསྐྱོད་ན་འགྲོ་ས་གཡས་གཡོན་དང་སྟེང་འོག་སྟེ་རྩ་བའི་ཁ་ཕྱོགས་གཉིས་ཡོད་པས་ཁྱེད་ཀྱི་གནས་ས་མཚོན་པར་གྲངས་གཉིས་དགོས་པ་ཡིན། དེར་རྟེན་སྙོམས་ངོས་ནི་རྩ་ 2 ཡིན།

རྩ་གསུམ

དོན་དངོས་འཛམ་གླིང་འདིའི་ཐོག་ཏུ་ཁྱེད་ཀྱི་གནས་ས་དེ་ཇི་ལྟར་མཚོན་པར་བྱ། ཁྱེད་ཀྱིས་གཏན་ཁེལ་བྱས་པའི་མ་ཚེག་ནས་གཡས་གཡོན་དང་སྟེང་འོག རྒྱབ་མདུན་ཏེ་རྩ་བའི་ཁ་ཕྱོགས་གསུམ་དུ་བསྐྱོད་ཐུབ་པས་ཁྱེད་ཀྱི་གནས་ས་མཚོན་པར་གྲངས་གསུམ་དགོས་པ་ཡིན། དེར་རྟེན་འཛམ་གླིང་འདི་ནི་རྩ་ 3 ཡིན།

རྩ་གསུམ་བར་སྟོང་གི་དྲང་ཟུར་གནས་ཚད་མ་ལག

ང་ཚོས་དྲང་ཟུར་གནས་ཚད་མ་ལག་ལ་བརྟེན་ནས་རྩ་གསུམ་བར་སྟོང་ངམ་ཡང་ན་འཛམ་གླིང་འདིའི་ཐོག་གི་དངོས་པོའི་གནས་ས་གསལ་བཤད་བྱེད་ཐུབ།

 

དཔེར་ན་བར་སྟོང་ནང་དུ་ཚེག་ (2, 4, 5) ཡི་གནས་ས་ནི་མ་ཚེག་ནས་ཐོན་ཏེ་གཡས་གཡོན་གཉིས་ལས་གཡས་སུ་ 2 དང་སྟེང་འོག་གཉིས་ལས་སྟེང་དུ་ རྒྱབ་མདུན་གཉིས་ལས་མདུན་དུ་ 5 བཅས་ཀྱི་སར་ཡོད་དོ།

དེ་ནི་རྩ་གསུམ་དྲང་ཟུར་གནས་ཚད་མ་ལག་ཞིག་ཡིན།

དེ་བཞིན་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ནི་རྩ་གཉིས་ཡིན་པ་དང་གྲངས་ཐིག་ནི་རྩ་གཅིག་ཡིན་ནོ།

རྩིས་རིག་ཏུ་དྲང་ཟུར་གནས་ཚད་མ་ལག་ནི་རྩ་གྲངས་ཤིན་ཏུ་མཐོ་བའི་བར་སྟོང་དུ་རྒྱ་སྐྱེད་བྱ་ཐུབ། འོན་ཀྱང་རྩ་གསུམ་ལས་མཐོ་བའི་བར་སྟོང་ནི་བློ་ཡུལ་དུ་སྤྱོད་རུང་ཡང་རིས་མོས་མཚོན་མི་ཐུབ་པས་འདིར་མཚམས་འཇོག་པར་བྱའོ།

དཔྱད་གཞི། http://www.mathsisfun.com/data/cartesian-coordinates.html

༢༠༡༥ ལོའི་ཟླ་བ་ ༩ པའི་ཚེས་ ༡ ཉིན།

ལྷག་པ་ཚེ་རིང་།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » དྲང་ཟུར་གནས་ཚད་མ་ལག
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏