རིས་དབྱིབས་ཀྱིས་རྟེན་འབྱུང་གྲངས་མཚོན་ཐུབ་པ།

ང་ཚོས་རྟེན་འབྱུང་གྲངས་ལ་ཕྱོགས་མང་པོ་ནས་བལྟས་ཆོག་ལ་བསམ་བློ་ཡང་བཏང་ཆོག །

རྒྱུ་འབྲས་གཉིས་ཆ་སྒྲིག་བྱེད་པ།

རྟེན་འབྱུང་གྲངས་ཀྱིས་དེའི་འབྲེལ་བ་བརྒྱུད་ནས་རྒྱུ་གཅིག་ལ་འབྲས་བུ་གཅིག་གཏན་ཁེལ་བྱེད་ཀྱི་ཡོད། དཔེར་ན་རྟེན་འབྱུང་གྲངས་ f(x) = xཡིས་དེའི་རྒྱུའི་ཚོགས་སྤྱིའི་ནང་ནས་རྒྱུ་ 4 ལ་འབྲས་བུ་ 16 གཏན་ཁེལ་བྱས། གལ་ཏེ་ང་ཚོས་རྒྱུ་སྔོན་དང་འབྲས་བུ་རྗེས་ཀྱི་གོ་རིམ་ལྟར་རྒྱུ་འབྲས་གཉིས་ཆ་སྒྲིག་བྱས་ན་ (4,16) ལྟར་ཡིན། དེ་ལྟར་རྒྱུ་ཞིག་དང་དེའི་འབྲས་བུ་གཉིས་གོ་རིམ་ལྟར་ཆ་སྒྲིག་ ( རྒྱུ , འབྲས་བུ ) བྱས་ན་རྟེན་འབྱུང་གྲངས་ནི་རྒྱུ་འབྲས་ཆ་སྒྲིག་གི་ཚོགས་སྤྱི་ཞིག་ཡིན།

ཆ་སྒྲིག་གི་ཚོགས་སྤྱི།

ཆ་སྒྲིག་ཚོགས་སྤྱིས་རྟེན་འབྱུང་གྲངས་མཚོན་པར་བྱེད་ཐུབ།

དཔེར་ན། ཆ་སྒྲིག་ཚོགས་སྤྱི་ { … ,(-2,4),(-1,1),(0,0),(1,1),(2,4),(3,9) … } ཡིས་རྟེན་འབྱུང་གྲངས་ f(x) = x2 མཚོན་ཐུབ། འདིར་ … ཡིས་བྲིས་མ་ཐུབ་པའི་ཆ་སྒྲིག་གཞན་རྣམས་མཚོན་པ་ཡིན། ཚོགས་སྤྱི་དེ་ནི་ཚད་མེད་ཚོགས་སྤྱི་ཞིག་ཡིན།

དོ་སྣང་བྱ་དགོས་པ་ཞིག་ལ། { … , -2, -1, 0, 1, 2, 3, … } ནི་རྒྱུའི་ཚོགས་སྤྱི་དང་ { 0, 1, 4, 9, … } ནི་འབྲས་བུའི་ཚོགས་སྤྱི་ཡིན་པས་སོ་སོར་མ་ནོར་བ་བྱ་དགོས།

ཆ་སྒྲིག་ཚོགས་སྤྱིའི་ཕན་ནུས།

ཆ་སྒྲིག་ཚོགས་སྤྱིའི་ནང་གི་གཞི་རྒྱུ་ནི་རྒྱུ་འབྲས་ཆ་སྒྲིག་ (2,4) ལྟ་བུ་ཡིན་པ་དང་དེ་ནི་སྙོམས་ངོས་ནང་ཚེག་གཅིག་གི་གནས་ཚད་ཡིན་པས་ (2,4) ལྟ་བུ་ང་ཚོས་སྙོམས་ངོས་གནས་ཚད་མ་ལག་ཏུ་ཚེག་བྲིས་ནས་མཚོན་པར་བྱས་ཆོག དེ་ལྟར་ཆ་སྒྲིག་ཚོགས་སྤྱི་ནི་སྙོམས་ངོས་ནང་གི་རི་མོ་ཞིག་ཡིན་པས་རི་མོ་དེ་ནི་རྟེན་འབྱུང་གྲངས་དེའི་རིས་དབྱིབས་ཡིན། ང་ཚོས་ཚོགས་སྤྱིའི་ནུས་པ་ལ་བརྟེན་ནས་རྟེན་འབྱུང་གྲངས་ཡང་རིས་དབྱིབས་ཀྱིས་མཚོན་ཐུབ་པ་མ་ཟད་ད་དུང་རིས་དབྱིབས་ཀྱི་ཐོག་ནས་རྟེན་འབྱུང་གྲངས་ལ་དབྱི་ཞིབ་ཀྱང་བྱས་ཆོག རིས་དབྱིབས་ནི་མིག་གིས་མཐོང་ཐུབ་པ་ཞིག་ཡིན་པས་ང་ཚོས་རིས་དབྱིབས་བརྒྱུད་རྟེན་འབྱུང་གྲངས་ཀྱི་འགྲོ་ལུགས་དང་རང་བཞིན་སོགས་ལ་ཞིབ་ཕྲའི་བརྟག་དཔྱད་བྱས་ཆོག །

དཔྱད་གཞི། http://www.mathsisfun.com/sets/function.html

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༢༥ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » རིས་དབྱིབས་ཀྱིས་རྟེན་འབྱུང་གྲངས་མཚོན་ཐུབ་པ།
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏