བགོད་རྩིས།

བགོད་རྩིས་ནི་གྲངས་འབོར་ཞིག་མཚུངས་པའི་ཆ་ཤས་སུ་དུམ་བུར་གཏོང་བའམ་ཡང་ན་ཆ་སྙོམས་ཀྱིས་ཚོ་རུ་བགོ་བཤའ་རྒྱག་པ་ཞིག་ཡིན།

དཔེར་བརྗོད།  ཅོག་ལེ་ཊི་ 12 ཡོད་པ་གྲོགས་པོ་ 3 ལ་སྙོམས་པོར་བགོ་བཤའ་རྒྱག་པ།

ཅོག་ལེ་ཊི་ 12 ཅོག་ལེ་ཊི་ 12 ཡོད་པ་ 3 ལ་བགོ་བ།
དེ་ལྟར་ཅོག་ལེ་ཊི་ 12 ཡོད་པ་གྲོགས་པོ་ 3 ལ་སྙོམས་པོར་བགོ་བཤའ་བྱས་ན་མི་རེར་ཅོག་ལེ་ཊི་ 4 ཐོབ་པ་ཡིན།

གོང་གསལ་གྲངས་ཀྱིས་མཚོན་པར་བྱས་ན་ 12 ÷ 3 = 4 ཡིན།

དོན་དངོས་སུ་རྩིས་འདི་རུ་སྡོམ་འཐེན་སྒྱུར་བགོས་སོ་སོའི་ཐད་ནས་བཤད་རྒྱུ་ཡོད།

  • སྡོམ་རྩིས།  12 ནི་ 4 ཡིན་པ་ 3 ལས་གྲུབ་པས་ 12 = 4 + 4 + 4 ཡོད།
  • སྒྱུར་རྩིས།  12 ནི་ 4 ཡིན་པ་ 3 ལས་གྲུབ་པས་ 12 = 4 × 3 ཡོད།
  • འཐེན་རྩིས།  12 ནི་ 4 ཡིན་པ་ 3 ལས་གྲུབ་པས་ 12 – 4 – 4 – 4 = 0 ཡོད།
  • བགོད་རྩིས།  12 ནི་ 4 ཡིན་པ་ 3 ལས་གྲུབ་པས་ 12 ÷ 3 = 4 ཡོད།

འཕྲེད་དང་གཞུང་གཉིས་ནས་ལྟ་བ།

སྒྱུར་རྩིས། བགོད་རྩིས།
འཕྲེད་ནས་བལྟས་ན།
ཚོ་ 3 ཡོད་ལ་ཚོ་རེར་ 5 རེ་ཡོད་པས་ཁྱོན་ 15 ཡོད། དེར་བརྟེན་ 15 ཡོད་པ་ 3 ལ་བགོས་ན་ 5 ཐོབ།
གཞུང་ནས་བལྟས་ན།
ཚོ་ 5 ཡོད་ལ་ཚོ་རེར་ 3 རེ་ཡོད་པས་ཁྱོན་ 15 ཡོད། དེར་བརྟེན་ 15 ཡོད་པ་ 5 ལ་བགོས་ན་ 3 ཐོབ།

 

 

གོང་གི་གནས་ཚུལ་བཞི་པོ་གྲངས་ཀྱིས་མཚོན་པ་གཤམ་གསལ་ལྟར་ཡིན།

  • 3 × 5 = 15
  • 15 ÷ 3 = 5
  • 5 × 3 = 15
  • 15 ÷ 5 = 3

ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་བ།

15 ÷ 3 ནི་ 15 ཡི་ནང་དུ་ 3 ཡིན་པ་ག་ཚོད་ཡོད་པ་རྩི་བ་ཡིན།

15 ཡི་ནང་དུ་ 3 ཡིན་པ་ 5 ཡོད་པས་ 15 ÷ 3 = 5 ཡིན།

15 ÷ 5 ནི་ 15 ཡི་ནང་དུ་ 5 ཡིན་པ་ག་ཚོད་ཡོད་པ་རྩི་བ་ཡིན།

15 ཡི་ནང་དུ་ 5 ཡིན་པ་ 3 ཡོད་པས་ 15 ÷ 5 = 3 ཡིན།

འདིར་སྟབས་བདེ་དང་འགྲོ་གྲོན་ལ་བསམ་བློ་བཏང་ནས་ཐད་ཀར་པར་རིས་དེ་དག་དྲ་ཐོག་ནས་བེད་སྤྱད་པ་ཡིན། དོན་དངོས་སུ་སྡོམ་འཐེན་སྒྱུར་བགོད་ཀྱི་སློབ་སྦྱོང་བྱེད་དུས་ང་ཚོར་རྡེལ་དང་ཤིང་དུམ་སོགས་ཉེ་འཁོར་གྱི་དངོས་དཔེ་མང་དག་ཅིག་ཡོད། དེ་ཚོ་བེད་སྤྱོད་བྱས་ན་གཞི་ནས་དགེ་སློབ་ཚང་མས་མིག་མཐོང་ལག་ཟིན་གྱི་ཐོག་ནས་ལྟ་ཕྱོགས་མི་འདྲ་བ་དང་བསམ་བློ་མི་འདྲ་བར་ཉམས་ལེན་བྱེད་ཐུབ་པས་རྩིས་ལ་གོ་བ་གཏིང་ཟབ་ལེན་ཐུབ་མ་ཟད་ཡིད་ཆེས་ཀྱང་ཐོབ་ཐུབ།

གཤམ་དུ་རྩིས་རིག་བལྟས་ནས་སྦྱོང་བ་ཞེས་པའི་དྲ་ཚིགས་ལས་ཧྲིལ་གྲངས་བགོད་རྩིས་ཀྱི་འབྲེལ་ཡོད་ནང་དོན་མཐུད་སྦྲེལ་བརྒྱུད་ངོ་སྤྲོད་བྱས་ཡོད།

http://www.seemath.com/#/Menu”Dividing-(whole-numbers)/

  • Dividing ནི་བགོ་བ་ཟེར་ཞིང་དེའི་འོག་ཏུ་གདམ་བྱ་གསུམ་ཡོད་པ་ལས་གང་རུང་ཞིག་བལྟས་ཆོག། གལ་ཏེ་གདམ་བྱའི་གདམ་བྱ་ཡོད་ན་མུ་མཐུད་གདམ་པས་ཆོག།
  • གདམ་བྱའི་མིང་དབྱིན་ཡིག་མ་ཤེས་ཀྱང་སྐྱོན་མེད། དེ་ནི་བལྟས་ནས་སྦྱོང་བ་ཡིན་པས་བལྟས་པས་ཆོག།
  • རྒན་ལགས་ཀྱིས་གཟིགས་དང་གདམ་བྱ་འགའ་རྗེས་སུ་སྤྱད་ན་འཚམ་པོ་ཡོད།
  • ལྟོས་དང་ཡིད་དབང་འཕྲོག་པའི་བལྟས་མོ་ཞིག་མཐོང་ཡོང་།

Thanks mathisfun and seemath!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༢༠ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གི་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » བགོད་རྩིས།
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏