བཅུ་གཉིས་མཐའ།

དེ་རིང་འདིར་བཅུ་གཉིས་མཐའ་ཡི་འགུལ་རིས་རེའུ་མིག་ཞིག་ངོ་སྤྲོད་བྱས་ཡོད།

དེ་སྤྱད་དེ་ང་ཚོས་སྒྱུར་རྩིས་ཙམ་མ་ཟད་ད་དུང་སྡོམ་རྩིས་དང་འཐེན་རྩིས། བགོས་རྩིས་བཅས་ཀྱང་སྦྱོང་བརྡར་བྱས་ཆོག།

རེའུ་མིག་ཏུ་ང་ཚོས་གྲངས་ཤིག་ནས་ཐོན་ཏེ་གཡས་ཕྱོགས་སམ་ཡང་ན་འོག་ཕྱོགས་སུ་ཐིག་ཅིག་བརྒྱུད་དེ་བསྐྱོད་ན་ནི་གྲངས་དེ་དེའི་ལྡབ་གྲངས་ཀྱིས་ཡར་འཕར་འགྲོ་བ་ཡིན་པས་དེ་ནི་སྡོམ་རྩིས་སམ་ཡང་ན་སྒྱུར་རྩིས་ཡིན་པ་དང་། གལ་ཏེ་ང་ཚོས་གྲངས་ཤིག་ནས་ཐོན་ཏེ་གཡོན་ཕྱོགས་སམ་ཡང་ན་སྟེང་ཕྱོགས་སུ་ཐིག་ཅིག་བརྒྱུད་དེ་བསྐྱོད་ན་ནི་གྲངས་དེ་ལས་གྲངས་ཤིག་གི་ལྡབ་གྲངས་ཀྱིས་མར་ཆག་འགྲོ་བ་ཡིན་པས་དེ་ནི་འཐེན་རྩིས་སམ་ཡང་ན་བགོས་རྩིས་ཡིན་ནོ། དེ་ལྟ་བུའི་ཚོད་ལྟ་དང་སྦྱོང་བརྡར་སྣ་ཚོགས་བྱས་པ་བརྒྱུད་ང་ཚོས་སྒྱུར་རྩིས་དང་བགོས་རྩིས་ནི་དོན་དངོས་སུ་དམིགས་བསལ་གྱི་སྡོམ་རྩིས་དང་འཐེན་རྩིས་ཡིན་པ་སོགས་ཤེས་ཐུབ།

གཤམ་དུ་དགེ་སློབ་རྣམས་ལ་རེའུ་མིག་འགའ་མཐུད་སྦྲེལ་བརྒྱུད་ངོ་སྤྲོད་ཞུས་ཡོད། དེ་དག་ང་ཚོས་པར་འདེབས་བྱས་ཏེ་སློབ་ཁང་ངམ་སོ་སོའི་ཉལ་ཁང་གི་གྱང་འདེབས་སུ་སྦྱར་ཆོག་ལ་སློབ་ཁང་དང་ཁྱིམ་སྦྱོང་སོགས་སུའང་བེད་སྤྱོད་བྱས་ཆོག།

པར་རྒྱག་ཐུབ་པའི་ 10 མཐའི་རེའུ་མིག   པར་རྒྱག་ཐུབ་པའི་ 12 མཐའི་རེའུ་མིག  
 

གཤམ་དུ་རྩིས་རིག་བལྟས་ནས་སྦྱོང་བ་ཞེས་པའི་དྲ་ཚིགས་ལས་ཧྲིལ་གྲངས་སྒྱུར་རྩིས་ཀྱི་འབྲེལ་ཡོད་ནང་དོན་མཐུད་སྦྲེལ་བརྒྱུད་ངོ་སྤྲོད་བྱས་ཡོད།

http://www.seemath.com/#/Menu”Multiplying-(whole-numbers)/

  • Multiplying ནི་སྒྱུར་བ་ཟེར་ཞིང་དེའི་འོག་ཏུ་གདམ་བྱ་ལྔ་ཡོད་པ་ལས་གང་རུང་ཞིག་བལྟས་ཆོག། གལ་ཏེ་གདམ་བྱའི་གདམ་བྱ་ཡོད་ན་མུ་མཐུད་གདམ་པས་ཆོག།
  • གདམ་བྱའི་མིང་དབྱིན་ཡིག་མ་ཤེས་ཀྱང་སྐྱོན་མེད། དེ་ནི་བལྟས་ནས་སྦྱོང་བ་ཡིན་པས་བལྟས་པས་ཆོག།
  • རྒན་ལགས་ཀྱིས་གཟིགས་དང་གདམ་བྱ་འགའ་རྗེས་སུ་སྤྱད་ན་འཚམ་པོ་ཡོད།
  • ལྟོས་དང་ཡིད་དབང་འཕྲོག་པའི་བལྟས་མོ་ཞིག་མཐོང་ཡོང་།

Thanks mathisfun and seemath!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༩ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གི་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » བཅུ་གཉིས་མཐའ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏