འཐེན་རྩིས།

འཐེན་རྩིས་ནི་གྲངས་ཤིག་ལས་གྲངས་གཞན་ཞིག་ལེན་པའམ་འཕྲི་བའམ་ཡང་ན་འཐེན་པ་ལ་ཟེར

 

ཀུ་ཤུ་ 5 ཡོད་པ་དང་

དེ་དག་ལས་ 2 འཐེན་པས་ང་ཚོར་

ད་དུང་ཀུ་ཤུ་ 3 ལྷག། 

                       5 − 2 = 3  ལྟར་མཚོན་ཆོག།

ཤིང་ཏོག་འཐེན་དང་ག་ཚོད་ལྷག་འདུག།

སྡོམ་རྩིས་དང་འདྲ་བར་འཐེན་རྩིས་ལའང་ལྟ་སྟངས་དང་བསམ་ཚུལ། བཤད་སྟངས་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་སྲིད། དཔེར་ན་འཐེན་པ་དང་འཕྲི་བ་དང་ལེན་པ་སོགས་ནི་དོན་འདྲ་ཞིང་ཡང་ལྷག་མ་དང་བར་ཐག་དང་ཁྱད་པར་སོགས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནའང་ལྟ་སྟངས་དང་བསམ་སྟངས་དེ་བཞིན་བཤད་སྟངས་མི་འདྲ་བའི་སྐབས་སུ་སོ་སོའི་ཁྱད་ཆོས་ཡོད་དོ། ལྷག་པར་དུ་འཐེན་རྩིས་ནི་སྡོམ་རྩིས་ཀྱི་ཕྱོགས་གཞན་ཞིག་ཡིན་པས་དེར་གང་སྤྱིའི་ཐད་དེ་བས་ཕུན་སུམ་ཚོགས་པ་ཞིག་ཡོད། འཐེན་རྩིས་དང་སྡོམ་རྩིས་ནི་དོན་དངོས་སུ་གནད་དོན་གཅིག་གི་ལྟ་ཕྱོགས་དང་བསམ་སྟངས། བཤད་སྟངས་མི་འདྲ་བ་གཉིས་ཡིན།

མཐུད་སྦྲེལ་དེ་བརྒྱུད་དེ་འགུལ་རིས་འགའ་ཡོད་པས་གཟིགས་དང་།

http://www.mathsisfun.com/numbers/subtraction-regrouping.html

གཤམ་ལ་རྩིས་རིག་བལྟས་ནས་སྦྱོང་བ་ཞེས་པའི་དྲ་ཚིགས་ནས་འཐེན་རྩིས་སྐོར་གྱི་ནང་དོན་འགའ་ངོ་སྤྲོད་ཞུ།

  • http://www.seemath.com/#/Menu”Subtracting-(whole-numbers)/
  • Subtracting ནི་འཕྲི་བ་ཟེར་ཞིང་དེའི་འོག་ཏུ་གདམ་བྱ་བཞི་ཡོད་པ་ལས་གང་རུང་ཞིག་བལྟས་ཆོག། གལ་ཏེ་གདམ་བྱའི་གདམ་བྱ་ཡོད་ན་མུ་མཐུད་གདམ་པས་ཆོག།
  • གདམ་བྱའི་མིང་དབྱིན་ཡིག་མ་ཤེས་ཀྱང་སྐྱོན་མེད། དེ་ནི་བལྟས་ནས་སྦྱོང་བ་ཡིན་པས་བལྟས་པས་ཆོག།
  • ལྟོས་དང་ཡིད་དབང་འཕྲོག་པའི་བལྟས་མོ་ཞིག་མཐོང་ཡོང་།

Thanks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༦ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གི་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » འཐེན་རྩིས།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏