སྡོམ་རྩིས།

སྡོམ་རྩིས་ནི་གཉིས་སམ་ཡང་ན་དེ་ལས་མང་བའི་གྲངས(དངོས་པོ)་འགའ་མཉམ་དུ་འདུས་ནས་ཚོགས་པ་གསར་པ་ཞིག་གྲུབ་པ་ཡིན།

སྤོ་ལོ་ 1 དང་སྤོ་ལོ་ 1 བསྡོམས་པས་སྤོ་ལོ་ 2 བྱུང  
གྲངས་ཀྱིས་མཚོན་ན      1 + 1 = 2
ཁ་ནས་འདོན་ན   གཅིག་སྡོམ་གཅིག་མཚུངས་གཉིས

དཔེར་བརྗོད།

4+3=?

ང་ཚོར་   4 + 3 = 7  ཐོབ།

རྩེད་མོ་རྩེ་དང་།

གྲུ་བཞི་སྔོན་པོའི་ནང་དུ་གྲངས་ཀ་འདྲུད་ནས་སྡོམ་རྩིས་ཇི་ལྟར་རྒྱག་པར་ལྟོས་དང་།

གྲངས་སྔ་ཕྱི་བརྗེ་རེས་བྱེད་པ།

3 + 2 = 5 3+2=5
ཡང་ན ཡང་ན
2 + 3 = 5 2+3=5

དཔེར་ན།

5 + 1 = 1 + 5 = 6

7 + 11 = 11 + 7 = 18

4 + 100 = 100 + 4 = 104

རྩིས་རིག་སློབ་སྦྱོང་བྱེད་སྐབས་ང་ཚོས་ངེས་པར་དུ་ཕྱོགས་འདྲ་མིན་སྣ་ཚོགས་ནས་བལྟ་དགོས་པ་དང་བསམ་བློ་འདྲ་མིན་སྣ་ཚོགས་གཏོང་དགོས་ལ་དེ་ནས་བྱུང་བའི་ལྟ་ཚུལ་དང་བསམ་ཚུལ་འདྲ་མིན་སྣ་ཚོགས་དེ་ཚོ་སོ་སོའི་སྐད་ཆའི་ཐོག་ནས་གཞན་ལ་བཤད་དགོས། དེ་ལྟར་རིམ་བཞིན་ང་ཚོའི་མཐོང་རྒྱ་དང་བསམ་རྒྱ་ཆེ་རུ་གཏོང་ཐུབ་པ་མ་ཟད་ཕན་ཚུན་བར་བསམ་བློ་བརྗེ་རེས་ཀྱི་ནུས་པའང་མཐོ་རུ་གཏོང་ཐུབ། མིག་མཐོང་ལག་ཟིན་གྱི་ཕན་པ་ཞིག་ནི་དེའི་ཁྲོད་དུ་ང་ཚོས་ཁ་ནས་བཤད་འདོད་པའི་མིང་ཚིག་དང་སྐད་ཆའང་ཕུན་སུམ་ཇི་ཚོགས་སུ་འགྲོ་ཐུབ།

དཔེར་ན་གོང་གི་དཔེ་རིས་ནང་དུ།

གཉིས་ལ་གསུམ་བསྡོམས་པས་ལྔ་བྱུང་བ་མཐོང་ཐུབ་ལ་དེ་ལྟར་ཁ་ནས་བཤད་ཆོག།

ཡང་ན་ ལྔ་ནི་གཉིས་ལས་གསུམ་གྱིས་མང་བ་ཡོད་པ་མཐོང་ཐུབ་ལ་དེ་ལྟར་བཤད་ཆོག།

ཡང་ན་ ལྔ་ནི་གསུམ་ལས་གཉིས་ཀྱིས་མང་བ་ཡོད་པ་མཐོང་ཐུབ་ལ་དེ་ལྟར་བཤད་ཆོག།

ད་དུང་སྡོམ་རྩིས་ཁྲོད་དུ་མིང་ཚིག་དང་བྱ་ཚིག་སོགས་མང་པོ་ཞིག་ཐོན་ཐུབ། རྗོད་བྱེད་ཚིག་ཇི་ལྟར་ཕུན་སུམ་ཚོགས་པ་ཞིག་བྱུང་ན་བརྗོད་བྱའི་དོན་ཡང་དེ་ལྟར་ཁ་གསལ་བ་ཞིག་བརྗོད་ཐུབ།

དཔེར་ན་སྡོམ་རྩིས་ཁྲོད་དུ་སྡོམ་དང་བསྣན་དང་ཁྱོན་བསྡོམས་དང་ཡོངས་རྫོགས་དང་ཆ་ཚང་དང་ཡོད་ཚད་དང་ཐམས་ཅད་སོགས་ཐོན་སྲིད་པ་ལྟར་ཡིན།

གཤམ་ལ་རྩིས་རིག་བལྟས་ནས་སྦྱོང་བ་ཞེས་པའི་དྲ་ཚིགས་ནས་འཐེན་རྩིས་སྐོར་གྱི་ནང་དོན་འགའ་ངོ་སྤྲོད་ཞུ།

  • http://www.seemath.com/#/Menu”Adding-(whole-numbers)/
  • Adding ནི་སྣོན་པ་ཟེར་ཞིང་དེའི་འོག་ཏུ་གདམ་བྱ་བཞི་ཡོད་པ་ལས་གང་རུང་ཞིག་བལྟས་ཆོག། གལ་ཏེ་གདམ་བྱའི་གདམ་བྱ་ཡོད་ན་མུ་མཐུད་གདམ་པས་ཆོག།
  • གདམ་བྱའི་མིང་དབྱིན་ཡིག་མ་ཤེས་ཀྱང་སྐྱོན་མེད། དེ་ནི་བལྟས་ནས་སྦྱོང་བ་ཡིན་པས་བལྟས་པས་ཆོག།
  • ལྟོས་དང་ཡིད་དབང་འཕྲོག་པའི་བལྟས་མོ་ཞིག་མཐོང་ཡོང་།

Thanks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༣ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གི་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » སྡོམ་རྩིས།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏