གྲངས་གསིལ་བ་དང་སྡུད་པ།

ང་ཚོས་གྲངས་ཀྱི་གནས་དང་གནས་ཀྱི་གྲངས་ཐང་།ཞེས་པ་ལས་གྲངས་གནས་དང་གནས་ཐང་སྐོར་སློབ་སྦྱོང་བྱས་པ་བརྒྱུད་གྲངས་མཚོན་པ་དང་གྲངས་བགྲང་བ། དེ་བཞིན་གྲངས་ཀྱི་དོན་སྙིང་བཅས་ལ་གོ་བ་ཡག་པོ་ཞིག་ལོན་ཡོད། དེ་རིང་ང་ཚོས་དེའི་རྨང་གཞིའི་སྟེང་དུ་གྲངས་ཇི་ལྟར་གསིལ་བ་དང་སྡུད་པའི་སྐོར་ལ་སློབ་སྦྱོང་བྱས་ཏེ་མུ་མཐུད་དེ་གྲངས་ཀྱི་དོན་སྙིང་ལ་གོ་བ་བླང་རྒྱུ་དང་གྲངས་ཀྱི་ཚོར་བ་ཇེ་ཆེར་གཏང་རྒྱུ་ཡིན།

349

ཡི་གྲུབ་སྟངས་ནི
བརྒྱ བཅུ གཅིག

3

4

9

གྲངས་གསིལ་བ།

དེར་བརྟེན། 349 བསིལ་ན་ནི་བརྒྱ་ 3 དང་བཅུ་ 4 རྐྱང་པ་ 9 བཅས་བྱུང་། དེ་ཡང་གཤམ་གསལ་ལྟར་ཡིན།

349 = 300 + 40 + 9

དཔེར་བརྗོད།  3,456 གསིལ་བ།

3,456 = 3,000 + 400 + 50 + 6

དཔེར་བརྗོད།  925 གསིལ་བ།

925 = 900 + 20 + 5

གྲངས་སྡུད་པ།

349 ནི་བརྒྱ་ 3 དང་བཅུ་ 4 རྐྱང་པ་ 9 བཅས་བསྡུས་པ་ལས་བྱུང་། བཤད་སྟངས་གཞན་ཞིག་ནས་བཤད་ན་ བརྒྱ་ 3 དང་བཅུ་ 4 རྐྱང་པ་ 9 བཅས་བསྡུས་པ་ལས་ 349 བྱུང་། དེ་ཡང་གཤམ་གསལ་ལྟར་ཡིན།

300 + 40 + 9 = 349

སིལ་གྲངས་གསིལ་བ་དང་སྡུད་པ།

གོང་ལྟར་ང་ཚོས་སིལ་གྲངས་ཡང་གསིལ་ཐུབ་ལ་སྡུད་ཀྱང་ཐུབ།

དཔེར་ན།            

37.2 = 30 + 7 + 0.2     ནི་གསིལ་བ་དང་།

4 + 0.7 + 0.08 = 4.78  ནི་སྡུད་པ་ཡིན།

གོང་གི་དཔེར་བརྗོད་པ་འགའ་ལས་ཤེས་ཏེ་གྲངས་ཤིག་མཚོན་པར་གསིལ་བའི་རྣམ་པ་དང་སྡུད་པའི་རྣམ་པ་གཉིས་ཡོད། དེ་གཉིས་ཕན་ཚུན་ལྡོག་པའི་ཁྱད་ཆོས་ལ་བརྟེན་ནས་རྗེ་འགྱུར་བྱེད་པ་བརྒྱུད་ང་ཚོའི་གྲངས་ཀྱི་ཚོར་བ་ཇེ་ཆེར་རྒྱས་ཐུབ་པ་དང་ང་ཚོས་གྲངས་ཀྱི་དོན་སྙིང་ལ་གོ་བ་དེ་བས་ཡག་པ་ལེན་ཐུབ་པའི་རེ་བ་ཡོད།།

Thanks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༣ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གི་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » གྲངས་གསིལ་བ་དང་སྡུད་པ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏