གྲངས་ཀྱི་གནས་དང་གནས་ཀྱི་གྲངས་ཐང་།

གྲངས་མཚོན་པར་ང་ཚོར་གྲངས་ཀ་བཅུ་རང་ལས་མེད་པས་གྲངས་ཀ་གང་ཞིག་གནས་ས་གང་ཞིག་ཏུ་འཇོག་དགོས་པ་དང་གནས་གང་ཞིག་གི་གྲངས་ཀའི་གྲངས་ཐང་ག་ཚོད་ཡིན་པ་གསལ་པོར་ཤེས་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན།

གྲངས་ཀ་བཅུ།

ང་ཚོ་བོད་ཀྱི་གྲངས་ཀ་བཅུ་པོ་ནི་བེད་སྤྱོད་ཧ་ཅང་བྱེད་བདེ་བ་ཞིག་ཡིན། དེ་དག་ནི་གཤམ་གསལ་ལྟར་ཡིན།

༠   ༡   ༢   ༣   ༤   ༥   ༦   ༧   ༨   ༩ 

དེང་སང་ང་ཚོས་བེད་སྤྱོད་བྱེད་པའི་གྲངས་ཀ་བཅུ་པོ་དེར་ཧིན་ཏུ-ཨ་རབ་ཀྱི་གྲངས་ཀ་ཟེར་བཞིན་དེ་དག་ནི་གཤམ་གསལ་ལྟར་ཡིན།

0   1   2   3   4   5   6   7   8   9

གྲངས་ཀ་དེ་དག་ཡང་ཧ་ཅང་བེད་སྤྱོད་བྱེད་བདེ་བ་ཞིག་ཡིན་པས་འཛམ་གླིང་ཁྱོན་ཡོངས་སུ་སྤྱོད་ཀྱི་ཡོད།

ང་ཚོས་གྲངས་ཀ་དེ་དག་ཐད་ཀར་སྤྱད་ནས་གྲངས་ 9 ཡི་བར་མཚོན་ཐུབ་ཀྱི་ཡོད།

0  
1 one ball
2 one ballone ball
3 one ballone ballone ball
4 one ballone ballone ballone ball
5 one ballone ballone ballone ballone ball
6 one ballone ballone ballone ballone ballone ball
7 one ballone ballone ballone ballone ballone ballone ball
8 one ballone ballone ballone ballone ballone ballone ballone ball
9 one ballone ballone ballone ballone ballone ballone ballone ballone ball
?? one ballone ballone ballone ballone ballone ballone ballone ballone ballone ball

བར་གྱི་གྲངས་ཤིག་གྲངས་ཀ་བཅུ་དེ་དག་ལས་གཅིག་གིས་ཐད་ཀར་མཚོན་ཐུབ་པ་དང་གྲངས་ཀའི་གནས་སའང་གཅིག་ལས་དགོས་ཀྱི་མེད། དེ་ལྟ་བུའི་གྲངས་ཀྱི་གནས་ས་ལ་གཅིག་གནས་ཟེར། འོན་ཀྱང་དངོས་པོའི་ཁ་གྲངས་དེ་ 9 ལས་མང་བ་ཡོད་ན་ཇི་ལྟར་མཚོན་པར་བྱ། 

བཅུ་དང་ཡང་ན་དེ་ལས་མང་བ་ཡོད་སྐབས།

བཅུ་དང་ཡང་ན་དེ་ལས་མང་བ་ཡོད་ན་ང་ཚོར་གནས་ས་གཞན་ཞིག་དགོས་པ་དང་གནས་ས་དེར་བཅུ་གནས་ཟེར། བཅུ་གནས་སྟེང་དུ་ང་ཚོས་བཅུ་ཡིན་པ་ག་ཚོད་ཡོད་པ་དེ་འཇོག་གི་ཡོད། བཅུ་གནས་རྗེས་སུ་གཅིག་གནས་ཡིན་ཞིང་དེར་གཅིག་ཡིན་པ་ག་ཚོད་ཡོད་པ་དེ་འཇོག་གི་ཡོད།

དཔེར་ན་བཅུ་གཉིས་ནི་གཤམ་གསལ་ལྟར་མཚོན་གྱི་ཡོད།

བཅུ་ཡིན་པ
གཅིག་ཡིན་པ
1 2
ten balls one ballone ball
བཅུ་གནས
གཅིག་གནས
1 2
ten balls one ballone ball

དེར་གྲངས་ཀ་ 1 གི་དངོས་ཡོད་ནང་དོན་ནི་ 10 ཡིན་པ་དང་ 1 གིས་བཅུ་ཡིན་པ་ 1 ཡོད་པ་མཚོན། དེ་ཡང་ 10 ལ་ 1 གི་གནས་ཀྱི་གྲངས་ཐང་ཟེར་ཞིང་བསྡུས་ན་གནས་ཐང་ཟེར། གྲངས་ཀ་ 2 ཀྱི་དངོས་ཡོད་ནང་དོན་ནི་ 2 རང་ཡིན་པ་དང་ 2 གིས་གཅིག་ཡིན་པ་ 2 ཡོད་པ་མཚོན།  དེ་ཡང་ 2 གི་གནས་ཐང་ནི་ 2 རང་ཡིན། གནས་ཐང་ནི་གནས་ས་དེའི་སྟེང་གི་གྲངས་ཀའི་དོན་དངོས་གྲངས་ཐང་ལ་ཟེར། དེ་ཡང་ང་ཚོར་ཁྱོན་བསྡོམས་བཅུ་ཡིན་པ་ 1 དང་གཅིག་ཡིན་པ་ 2 ཡོད།

དེ་ནི་གྲངས་ 12 ཞེས་པ་དེ་ཡིན། སྐབས་རེ་ཡང་ 12=1 × 10 + 2 × 1 ལྟར་མཚོན་པར་བྱེད་ཀྱི་ཡོད།

12 ལ་ང་ཚོ་བོད་པས་བཅུ་གཉིས་ཞེས་ཁ་ནས་འདོན་པ་བཞིན་བཅུ་དང་གཉིས་ཡོད་པའི་དོན་ཡིན། ཀློག་སྟངས་དེ་ནི་ཤིན་ཏུ་ནས་ལེགས་པ་ཞིག་ཡིན།

ཡང་དཔེར་ན་ 35 ནི་བཅུ་ 3 དང་གཅིག་ 5 ཡིན་པ་དང་ 3 × 10 + 5 × 1 ལྟར་མཚོན་ཆོག།

བཅུ
གཅིག
3 5
ten ballsten ballsten balls one ballone ballone ballone ballone ball
35 ལ་ང་ཚོ་བོད་པས་གསུམ་བཅུ་ལྔ་ཞེས་ཁ་ནས་འདོན་པ་བཞིན་བཅུ་གསུམ་དང་ལྔ་ཡོད་པའི་དོན་ཡིན། ཀློག་སྟངས་དེ་ནི་ཤིན་ཏུ་ནས་ལེགས་པ་ཞིག་ཡིན།

བརྒྱ་དང་ཡང་ན་དེ་ལས་མང་བ་ཡོད་སྐབས།

གྲངས་ 99 ལས་མང་བ་ཡོད་ན་ང་ཚོར་གཅིག་གནས་དང་བཅུ་གནས་གཉིས་ཀྱིས་མི་ལྡང་བར་གནས་གསུམ་པ་བརྒྱ་གནས་ཞེས་པ་དེ་དགོས་ཀྱི་ཡོད། དེ་དུས་གྲངས་ལ་གཅིག་ཡིན་པ་འགའ་ཡོད་ལ་བཅུ་ཡིན་པ་འགའ་དང་བརྒྱ་ཡིན་པའང་འགའ་ཡོད།

དཔེར་ན།

བརྒྱ
བཅུ
གཅིག
1 4 3
ten balls ten ballsten ballsten ballsten balls one ball one ball one ball

དེར་བརྒྱ་ཡིན་པ་ 1 དང་བཅུ་ཡིན་པ་ 4 གཅིག་ཡིན་པ་ 3 བཅས་ཡོད། དེ་ནི་ 143 ཡིན།

143 ལ་ང་ཚོ་བོད་པས་བརྒྱ་དང་བཞི་བཅུ་གསུམ་ཞེས་ཁ་ནས་འདོན་པ་བཞིན་བརྒྱ་ཞེས་བརྒྱ་གཅིག་དང་བཞི་བཅུ་ཞེས་བཅུ་བཞི། གསུམ་ནི་གཅིག་ཡིན་པའམ་རྐྱང་པའོ།

  • 1 གི་གནས་ཐང་ནི་ 100 ཡིན།
  • 4 ཡི་གནས་ཐང་ནི་ 40 ཡིན།
  • 3 གྱི་གནས་ཐང་ནི་ 3 རང་ཡིན།

དེ་ཡང་ 1 × 100 + 4 × 10 + 3 × 1 ལྟར་ཡིན།

ཡང་དཔེར་ན།

369 ནི་གསུམ་བརྒྱ་དྲུག་བཅུ་དགུ་ཞེས་བརྒྱ་ 3 དང་བཅུ་ 6  རྐྱང་པའམ་གཅིག་ 9 ཡོད་པའི་དོན་ཡིན།

  • 3 གྱི་གནས་ཐང་ནི་ 300 ཡིན།
  • 6 གི་གནས་ཐང་ནི་ 60 ཡིན།
  • 9 གྱི་གནས་ཐང་ནི་ 9 རང་ཡིན།

དེ་ཡང་ 3 × 100 + 6 × 10 + 9 × 1 ལྟར་ཡིན།

ཀླད་ཀོར་རམ་ཐིག་ལེ་ནི་མེད་པའི་དོན་ཏེ་དེ་ནི་གནས་ཤིག་གི་སྟེང་དུ་གྲངས་མེད་དུས་སྤྱོད་པ་ཡིན།

དཔེར་ན།  104 ནི་བརྒྱ་དང་བཅུ་མེད་བཞི་ཞེས་བརྒྱ་ 1 དང་བཅུ་ 0  རྐྱང་པའམ་གཅིག་ 4 ཡོད་པའི་དོན་ཡིན།

བརྒྱ
བཅུ
གཅིག
1 0 4
ten balls   one ballone ballone ballone ball

གོང་གི་འགྲོ་ལུགས་བཞིན་ང་ཚོས་མཚོན་དགོས་པའི་གྲངས་འབོར་ཇེ་ཆེ་ཇེ་ཆེར་འགྲོ་སྐབས་ང་ཚོར་དགོས་པའི་གྲངས་གནས་ཀྱང་ཇེ་མང་ཇེ་མང་དུ་འགྲོ་བ་ཡིན། གྲངས་གནས་ནི་གཅིག་གནས་ནས་འགོ་འཛུགས་ཏེ་རིམ་བཞིན་བཅུ་གནས་དང་བརྒྱ་གནས། སྟོང་གནས་སོགས་གཡས་ནས་གཡོན་དུ་སྒྲིག་ཞིང་གཡས་ནས་གཡོན་དུ་ཐེངས་རེར་བཅུ་ལྡབ་ཀྱིས་འཕར་འགྲོ་བ་ཡིན།

བོད་ཀྱི་རིག་གནས་སུ་ཡོད་པའི་གྲངས་གནས་ཀྱི་མང་ཉུང་ནི་ཕལ་ཆེར་དབྱིན་ཇི་དང་འདྲ་བ་ཞིག་ཡིན། དེ་ལས་རྒྱུན་དུ་སྤྱོད་པའི་གནས་དགུ་པོ་ནི་གཤམ་གྱི་རེའུ་མིག་ལྟར་ཡིན།

དུང་ཕྱུར བྱེ་བ ས་ཡ འབུམ
ཁྲི
སྟོང
བརྒྱ
བཅུ
གཅིག

གཤམ་དུ་བོད་ཀྱི་གྲངས་གནས་དྲུག་ཅུ། ཞེས་པ་ http://zw.tibet.cn ལས་བརྒྱུད་བཀོད་བྱས་པ་ཡིན།

བོད་ཀྱི་གྲངས་གནས་དྲུག་ཅུ།

གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་།། ས་ཡ་བྱེ་བ་དུང་ཕྱུར་ཏེ།།

དགུ་པོ་རྐྱང་པའི་གྲངས་སུ་བརྗོད།། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་།།

གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་།། སྤང་རྟེན་དེད་འདྲེན་མཐའ་སྣང་དང་།།

རྒྱུ་རིག་འོད་མཛེས་དབང་པོ་དང་།། ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་།།

རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་།། རྣམ་བྱུང་སྟོབས་མིག་བྱམས་སྙིང་དགའ།།

བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས།། ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ།།

གྲངས་མེད་པ་ནི་ཐ་མ་འོ།།  གོང་ནས་གོང་དུ་བཅུ་འགྱུར་བསྒྲེ།།

མཇུག་སྡོམ།

  • གྲངས་བགྲང་བ་དང་གྲངས་འབོར་གྲངས་ཀྱིས་མཚོན་པ། དེ་བཞིན་གྲངས་ཐང་ཕན་ཚུན་བསྡོམས་འཐེན་སྒྱུར་བགོད་བྱེད་པ་བཅས་ཀྱི་སྐབས་སུ་གྲངས་གནས་དང་གནས་ཐང་། གནས་ཐང་གི་བཅུ་གོང་སྒྲིལ་བཅས་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཡིན་པ་མ་ཟད་སློབ་མའི་དཀའ་གནད་ཞིག་ཀྱང་ཡིན་པས་མཐོང་ཆེན་པོ་བྱ་དགོས།
  • དེའི་སྐོར་གྱི་དཀའ་ངལ་སེལ་བར་གཙོ་བོ་དངོས་དཔེ་བརྒྱུད་དེ་མིག་མཐོང་ལག་ཟིན་གྱིས་གོ་བ་གཏིང་ཟབ་ལོན་དགོས་པ་དང་། ལྷག་པར་དུ་ང་རང་ཚོ་བོད་ཀྱི་དམིགས་བསལ་གྲངས་ཀྱི་འདོན་སྟངས་ལ་མཐོང་ཆེན་བྱ་དགོས། འདོན་སྟངས་དེ་ནི་གྲངས་གནས་དང་གནས་ཐང་དེ་བཞིན་བཅུ་གོང་སྒྲིལ་བཅས་དང་འབྲེལ་བ་དམ་ཞིང་མཚམས་སྦྱོར་ལེགས་པར་བྱས་ཡོད་པས་དཀའ་གནས་མང་པོ་ཞིག་ངང་གིས་སེལ་འགྲོ། དེ་ལྟ་བུའི་ཆ་རྐྱེན་ནི་དབྱིན་ཇི་ལྟ་བུའི་རིག་གནས་ལ་མེད་པས་ཁོ་ཚོར་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་ཡོད།

Thanks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༢ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གི་རྩོམ་སྒྲིག་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » གྲངས་ཀྱི་གནས་དང་གནས་ཀྱི་གྲངས་ཐང་།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏