འདོད་པ་ལྟར་མཆོང་ནས་གྲངས་བགྲང་བ།

འགུལ་རིས་འདི་རུ་ཁྱེད་ཀྱིས་གྲངས་ཐིག་ཐོག་རྒྱབ་མདུན་གང་རུང་དུ་མཆོང་ནས་གྲངས་བགྲང་ཆོག། འགུལ་རིས་རྩེད་མོ་མ་རྩེ་སྔོན་ལ་གདམ་བྱ་འགའ་ཡོད་པའི་ནང་དོན་གསལ་བཤད་ཞུ།

གྲུ་བཞི་སྔོན་པོའི་ཐོག་ཏུ་ Choose Game Type ནི་རྩེད་མོའི་གདམ་བྱ་ཟེར་ཞིང་དེའི་འོག་ཏུ་ནི་གདམ་བྱ་སོ་སོ་ཡོད་པ་ལས། By 2s and 3s ནི་ 2 རེའམ་ 3 རེ་མཆོང་བ་དང་། Positive Numbers ནི་ཕོ་གྲངས་རེ་མཆོང་བ་ཡིན་པས་དེ་ནི་མདུན་དུ་མཆོང་བ་ཡིན། Negative Numbers ནི་མོ་གྲངས་རེ་མཆོང་བ་ཡིན་པས་དེ་ནི་རྒྱབ་ཏུ་མཆོང་བ་ཡིན། General Numbers ནི་སྤྱིར་བཏང་གྲངས་ཤིག་མཆོང་བ་ཡིན་པས་དེ་དུས་རྒྱབ་མདུན་གཉིས་ཀར་མཆོང་བ་ཡོང་སྲིད། Numbers Around 500 ནི་ 500 ཡི་གཡས་གཡོན་དུ་གྲངས་ཤིག་རྒྱབ་བམ་མདུན་དུ་མཆོང་བ་ཡིན། Skip 5 to 9 ནི་བར་ཐག་ལ་ 5 ནས་ 9 བར་རྒྱབ་བམ་མདུན་དུ་མཆོང་བ་བཅས་ཡིན།

དེ་དག་ལས་ཁྱེད་ཀྱི་འདོད་པ་བཞིན་གདམ་བྱ་ཞིག་གདམ་སྟེ་རྩེད་མོ་རྩེད་ཆོག། ཡང་རྩེ་བའི་རིང་ལ་གལ་ཏེ་གདམ་བྱ་གཞན་ཞིག་རྗེ་དགོས་བསམ་ན་གཡས་གཤམ་གྱི་ Options ཞེས་པར་གནན་ན་འགྲིག། རྩེད་མོ་ཐེངས་གཅིག་རྩེ་བར་དུས་ཡུན་སྐར་མ་གཉིས་ཡོད་པས་ཁྱེད་ལ་དེའི་ནང་གྲུབ་འབྲས་སྐར་གྲངས་ག་ཚོད་ཙམ་ཐོབ་ཐུབ་པར་ལྟོས་དང་།

རྩེད་འདི་བཞིན་རྩེ་བར་ངང་རྒྱུད་རིང་པོ་དགོས་ལ་ཡག་པོ་རྩེད་ཤེས་ན་གྲངས་བགྲང་བ་ཙམ་མ་ཡིན་པར་གྲངས་ཀྱི་སྡོམ་འཐེན་སྒྱུར་བགོས་སོགས་ཀྱི་རྩེད་མོའང་རྩེ་ཆོག།

གཤམ་དུ་གུ་རུ་སྐྱིད་ཀྱིས་བརྩམས་པའི་བོད་ཀྱི་གྲངས་ཀ་བགྲང་ཐབས་སྐོར་གླེང་བ། ཞེས་པའི་མཐུད་སྦྲེལ་ཞིག་བཀོད་ཡོད་པ་དེ་དགེ་རྒན་རྣམས་ཀྱིས་གཟིགས་ནས་དཔྱད་གཞི་བྱས་ན་ལེགས་བསམ།

ཨ་མདོའི་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་བ།

Thanks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༡ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་ནས་ངོ་སྤྲོད་བྱས།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(0)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།