ཟུར་གསུམ་དབྱིབས་ཀྱི་ནང་ཟུར་བསྡོམས་ན་ 180° ཡིན།

ཟུར་གསུམ་དབྱིབས་ཀྱི་ནང་ཟུར་གསུམ་བསྡོམས་ན་ནམ་ཡང་ 180° ཡིན།

A + B + C = 180°

གཤམ་ལ་ཁྱེད་ཀྱིས་འགུལ་རིས་ནང་གི་ཟུར་གསུམ་མའི་རྩེ་ཚེག་འདྲུད་ནས་གང་འདོད་ཀྱི་ཟུར་གསུམ་མ་ཞིག་བཟོས་ཏེ་དེའི་ནང་ཟུར་བསྡོམས་ལ་ཉམས་ལེན་བྱེད་དང་། གལ་ཏེ་ཁྱེད་ལ་ཟུར་འཇལ་ཆས་ཡོད་ན་ནང་ཟུར་དེ་ཚོ་གཞལ་དང་།

ང་ཚོས་གོང་གི་དོན་དངོས་གཞི་འཛིན་ནས་ཟུར་གསུམ་དབྱིབས་ནང་ཆད་པའི་ནང་ཟུར་ཞིག་འཚལ་ཆོག།

དཔེར་བརྗོད།  ཆད་པའི་ཟུར་ C རྩིས་དང་།

Triangle Missing Angle

གཞིར་འཛིན་ས   A + B + C = 180°
     
ཤེས་ཟིན་པ་ཁ་སྐོང་པ   38o + 85o + C = 180o
     
སླར་སྒྲིག་པ   C = 180o – 38o – 85o
     
རྩི་བ   C = 57o

ར་སྤྲོད། གཤམ་དུ་ནི་སྟབས་བདེ་བའི་ཐབས་ཤེས་ཤིག་བརྒྱུད་ནས་ཟུར་གསུམ་དབྱིབས་ཀྱི་ནང་ཟུར་གསུམ་བསྡོམས་ན་ནམ་ཡང་ 180° ཡིན་པ་ར་སྤྲོད་བྱས་ཡོད།

སྟེང་གི་ཐིག་དེས་ཟུར་གསུམ་དབྱིབས་ཀྱི་རྩེ་ཚེག་ཅིག་བརྒྱུད་པ་མ་ཟད་མཐིལ་དང་མཉམ་འགྲོ་བྱས་ཡོད།

དེར་བརྟེན།

  • ཟུར་ A ཡིན་པ་དེ་གཉིས་མཚུངས་པ་དང་།
  • ཟུར་ B ཡིན་པ་དེ་གཉིས་མཚུངས།

མཐོང་ཐུབ་པར་ A + C + B ནི་སྙོམས་ཟུར་རམ་སྒོར་ཕྱེད་ཟུར་ཡིན་པས་དེའི་ཆེ་ཆུང་ནི་ 180° ཡིན།

དཔྱད་གཞི།

http://www.mathsisfun.com/proof180deg.html

Thanks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༩ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་ནས་ངོ་སྤྲོད་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » ཟུར་གསུམ་དབྱིབས་ཀྱི་ནང་ཟུར་བསྡོམས་ན་ 180° ཡིན།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏