གྲངས་མཆོངས་ནས་བགྲང་བ།

རྒྱུན་དུ་ང་ཚོ་ལོ་ཆུང་བྱིས་པས་གྲངས་བགྲང་དུས་གྲངས་རེ་རེ་བཞིན་བགྲང་གི་ཡོད་པ་དཔེར་ན་ 1,2,3,4,5, … ལྟ་བུ། གྲངས་རེ་རེ་བཞིན་དུ་བགྲང་བ་ནི་ང་ཚོས་ཐེངས་རེར་གོམ་པ་རེ་སྤོ་ནས་ལམ་དུ་འགྲོ་བ་དང་འདྲ། འགྲོ་བཞིན་དུ་སྤོས་པའི་གོམ་གྲངས་བརྩིས་ན་གོམ་གཅིག་གོམ་པ་གཉིས། གོམ་པ་གསུམ། གོམ་པ་བཞི། གོམ་པ་ལྔ། གོམ་པ་དྲུག། གོམ་པ་བདུན། གོམ་པ་བརྒྱད། གོམ་པ་དགུ། གོམ་པ་བཅུ་ལྟ་བུ་ཡིན།

གོམ་པ་རེ་རེ་བཞིན་དུ་ལམ་ལ་འགྲོ་བ་ནི་སྟབས་བདེ་ཞིང་དང་ཧ་ཅང་གི་གཏན་པོ་ཞིག་ཡིན། དེ་དང་འདྲ་བར་གྲངས་རེ་རེ་བཞིན་དུ་བགྲང་བར་ཡང་ལས་སླ་བ་དང་ནོར་འཁྲུལ་མི་ཡོང་བའི་ཁྱད་ཆོས་ཆེན་པོ་ཡོད། འོན་ཀྱང་དེ་ནི་ཤིན་ཏུ་ནས་དལ་པོ་ཞིག་ཡིན་པས་ང་ཚོར་དེ་ལས་མགྱོགས་པའི་ཐབས་ཤེས་གཞན་དགོས་ཀྱི་ཡོད།

མཆོང་བཞིན་འགྲོ་བའི་མི་ཞིག་མཐོང་རྒྱུ་དཀོན་ཡང་མི་ཚོས་འགྲོ་མགྱོགས་པའི་ཆེད་དུ་རྐང་འཁོར་དང་རླངས་འཁོར་སོགས་སྤྱོད་ཀྱི་ཡོད། འོན་ཏེ་བྱ་བྱིའུ་དང་རྟ། རི་དྭགས་སོགས་མང་པོ་ཞིག་ལ་མཆོང་བཞིན་མགྱོགས་པོར་འགྲོ་བའི་ནུས་པ་ཡོད། དགའ་འོས་པ་ཞིག་ལ་ལོ་ཆུང་བྱིས་པ་ཚོས་སྐབས་རེ་མཆོང་བཞིན་རྩེད་མོ་རྩེ་ཡི་ཡོད། དཔེར་ན་མཛུབ་ཆུང་གིས་ས་ལ་རིའུ་མིག་ཅིག་བྲིས་ནས་དེའི་ནང་དུ་མིག་གཅིག་ནས་མིག་གཞན་ཞིག་ཏུ་མཆོང་གི་ཡོད། དེ་ལྟ་བུའི་རྩེད་མོར་མིག་གཅིག་རེ་བྱས་ནས་མཆོངས་ཆོག་ལ་ཐུབ་ན་མིག་གཉིས་དང་ཡང་ན་གསུམ་རེ་བྱས་ནས་མཆོངས་ཀྱང་ཆོག།

མཆོངས་ནས་གྲངས་བགྲང་བ་ནི་གྲངས་རེ་རེ་བཞིན་བགྲང་མི་དགོས་པར་ཐེངས་རེར་གཅིག་ལས་ཆེ་བའི་གྲངས་རེ་མཆོངས་ནས་བགྲང་བ་ཞིག་ཡིན། གྲངས་མཆོང་བཞིན་བགྲང་ན་མགྱོགས་པོ་ཡོད་ཀྱང་དཀའ་ངལ་ཡང་ཆེན་པོ་ཡོད། གཅིག་ནས་སེམས་ནང་དུ་རང་ཉིད་ཀྱིས་མཆོང་པར་བྱ་བའི་གྲངས་དེ་ག་ཚོད་ཡིན་པ་ངེས་དགོས་པ་དང་གཉིས་ནས་གྲངས་དེ་མཆོངས་རྗེས་གྲངས་གང་ཞིག་ལ་བསླེབས་པ་དེ་ཁོག་རྩིས་རྒྱག་དགོས།

སྤྱིར་བཏང་བྱས་ན་གྲངས་མཆོངས་ནས་བགྲང་བར་མཆོང་བྱའི་གྲངས་ཀྱི་ཐད་ནས་དབྱེ་ན་རིགས་གཉིས་ཙམ་དབྱེ་ཆོག་སྟེ།

དང་པོ་ནི། མཆོང་བྱའི་གྲངས་དེ་གཏན་ཁེལ་གྱི་གྲངས་ཤིག་ཡིན་པ་དང་དེ་ནི་རྟ་འགྲོས་མ་ཞིག་གིས་འགྲོས་སྙོམ་མམ་གོམ་ཞེང་མཚུངས་པར་རྒྱུག་པ་འདྲ་བ་ཞིག་ཡིན། གལ་ཏེ་མཆོང་བྱའི་གཏན་ཁེལ་གྱི་གྲངས་ཅུང་ཆེ་བ་ཞིག་ཡིན་ན་གྲངས་བགྲང་བ་ཡང་ཅུང་མགྱོགས་པ་ཞིག་ཡིན་པ་དང་དེ་ནི་འགྲོས་ཆེན་རྟ་ཕོས་རྒྱུག་པ་དང་འདྲ། བགྲང་སྟངས་དེ་རིགས་ནི་ལྷག་པར་དགུ་མཐའི་སློབ་སྦྱོང་ལ་ཤིན་ཏུ་ཕན་པར་འདུག་སྙམ།

གཉིས་པ་ནི། མཆོང་བྱའི་གྲངས་དེ་གཏན་ཁེལ་གྱི་གྲངས་ཤིག་མ་ཡིན་པར་འདོད་པ་ལྟར་མཆོང་འགྲོ་བ་ཞིག་ཡིན། དེ་ནི་འགྲོས་མི་ཤེས་པའི་རྟ་ཞིག་གིས་འགྲོ་རྒྱུག་བྱས་པ་དང་འདྲ། དེ་ལྟ་བུའི་རྟ་ལ་བཞོན་པར་ངེས་པར་དུ་རྟ་རྩལ་ཡག་པོ་ཞིག་དགོས་ཀྱི་ཡོད། གྲངས་དེ་ལྟར་བགྲང་བའི་སྐབས་སུ་ཡང་གཅོ་བོར་རང་ཉིད་ཀྱིས་གང་འདོད་ལྟར་མཆོང་པར་བྱ་བའི་གྲངས་དེའི་འགྱུར་བ་དང་བསྟུན་ནས་མྱུར་དུ་རྗེས་མའི་གྲངས་གང་ཞིག་ཏུ་བསླེབས་པ་དང་དེ་མུར་ཡང་དེ་ནས་གང་ཞིག་མཆོངས་པ་སོགས་མདོར་ན་ཁོག་རྩིས་ཀྱི་ནུས་པ་ཆེན་པོ་ཞིག་དགོས་ཀྱི་ཡོད།

ཉིས་མཆོང་རྒྱབ་ནས་གྲངས་བགྲང་བ།

དཔེར་ན་ 2 རེ་མཆོང་བཞིན་གྲངས་བགྲང་བ་ནི་ 2, 4, 6, 8, 10, 12, 14, 16, 18, 20, … ལྟར་ཡིན། དེ་ནི་གྲངས་ 2 ནས་ཐོན་ཏེ་ཐེངས་རེར་ 2 རེ་མཆོང་བཞིན་བགྲང་བ་ཡིན།

ཉིས་མཆོང་རྒྱབ་ནས་གྲངས་བགྲང་ཤེས་ན་ང་ཚོས་གྲངས་བགྲང་བ་མགྱོགས་སུ་གཏོང་ཐུབ།

འགུལ་རིས་སུ་སྟེང་དུ་ནི་གྲངས་རེ་རེ་བཞིན་དུ་བགྲང་བ་ཡིན་པ་དང་འོག་ཏུ་ནི་ཉིས་མཆོང་རྒྱབ་ནས་གྲངས་བགྲང་བ་ཡིན། དེ་གཉིས་ལས་གང་ཞིག་མགྱོགས་པ་ཡོད་དམ།

Go! ཞེས་པར་གནན་ན་འགྲན་བསྡུར་འགོ་འཛུགས་པ་ཡིན།

གྲངས་མཆོང་བཞིན་བགྲང་ན་ཕན་པ་ཆེན་པོ་གཉིས་ཡོད།

  • གྲངས་མང་པོ་བགྲང་དུས་མགྱོགས་པ།
  • དགུ་མཐའ་(སྒྱུར་རྩིས་)སྦྱོང་སླ་བ།

བཅུ་མཆོང་རྒྱབ་ནས་གྲངས་བགྲང་བ།

10 རེ་མཆོང་བཞིན་གྲངས་བགྲང་བ་ནི་ལས་སླ་ཤོས་ཤིག་ཡིན།

དེ་ནི་རྒྱུན་གཏན་གྱི་གྲངས་བགྲང་བ་ (1,2,3,…) དང་འདྲ་པོ་ཡོད།

མི་འདྲ་ས་ནི་གྲངས་ཀྱི་རྗེས་སུ་ 0 ཡོད།

10, 20, 30, 40, 50, 60, 70, 80, 90, 100, …

བཅུ་མཆོང་རྒྱབ་ནས་ 100 བར་གྲང་བ།

ཁྱེད་ཀྱིས་བཅུ་མཆོང་རྒྱབ་ནས་སྟོང་ཆར་གྲངས་ཁ་སྐོང་དགོས། གལ་ཏེ་ཁ་སྐོང་བྱས་པ་ཚང་མ་འགྲིག་ན་ Well done ཧ་ཅང་ལེགས་ཞེས་པ་འོང་བ་དང་དེ་ནས་ New Game གནན་ཏེ་སླར་འགོ་འཛུགས་པ་ཡིན། གལ་ཏེ་ནོར་བ་བྱུང་ན་དེ་ལྟར་མི་འོང་བས་ཁྱེད་ཀྱིས་མུ་མཐུད་དེ་ནོར་བཅོས་བྱས་ཆོག།

བཅུ་མཆོང་རྒྱབ་ནས་ 300 བར་གྲང་བ།

Thaks mathisfun!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༩ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་ནས་ངོ་སྤྲོད་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » གྲངས་མཆོངས་ནས་བགྲང་བ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏