དྲང་ཐིག་གི་རང་བཞིན་ལ་ཉམས་ལེན་བྱེད་པ།

དེ་རིང་ཡང་དྲིན་ཅན་ mathisfun ནས་དྲང་ཐིག་གི་ flash འགུལ་རིས་གཉིས་གདན་དྲངས་ནས་

ང་ཚོས་ཙི་གུ་འགུལ་ཞིང་མིག་གིས་བལྟས་ཏེ་དྲང་ཐིག་གི་རང་བཞིན་ལ་ཉམས་ལེན་བྱ་རྒྱུ་ཡིན།

རྨང་གཞིའི་ཤེས་བྱ་ནི་ ལམ་གྱི་རྣམ་པ་གསུམ། དང་ དྲང་ཐིག་གི་གསེག་ཕྱོད་ཇི་ལྟར་བྱས་ནས་མཚོན་པར་བྱེད་པ། དྲང་ཐིག་གི་གསེག་ཕྱོད་རྩི་བ། དྲང་ཐིག་གི་མཉམ་བྱ། བཅས་ཡིན་པས་དེ་དག་སྦྱངས་མེད་ན་སྔོན་ལ་དེ་དག་ལན་ཅིག་གཟིགས་དང་།

དྲང་ཐིག་གི་རང་བཞིན་ལ་ཉམས་ལེན་བྱེད་པ།

འགུལ་རིས་དེ་གཡས་གཡོན་ཁག་གཉིས་ལས་གྲུབ་ཅིང་གཡོན་གྱི་ Straight Line Graph ནི་དྲང་ཐིག་གི་རིས་དབྱིབས་འབྲི་བ་ཞེས་པའི་དོན་དང་དེའི་གཤམ་དུ་ནི་དྲང་ཐིག་གི་སྤྱིར་བཏང་མཉམ་བྱ་ཡིན་པ། དེའི་གཤམ་དུ་ང་ཚོས་ m དང་ b ལ་འགྱུར་བ་བཏང་ནས་སོ་སོར་གྲངས་ཐང་ཞིག་བླང་ཆོག། དེའི་གཤམ་དུ་ནི་བླངས་པའི་གྲངས་ཐང་དང་མཐུན་པའི་དྲང་ཐིག་གི་མཉམ་བྱ་བྲིས་པ་ཡིན། གཡས་སུ་ནི་མཉམ་བྱ་དེ་དང་མཐུན་པའི་དྲང་ཐིག་གི་རིས་དབྱིབས་བྲིས་པ་ཡིན།

ང་ཚོས་ m དང་ b ལ་འགྱུར་བ་བཏང་ནས་གཤམ་དུ་ཐོབ་པའི་མཉམ་བྱར་ལྟ་བཞིན་གཡས་སུ་བྲིས་པའི་དྲང་ཐིག་དེའི་རིས་དབྱིབས་ལ་ཉམས་ཞིབ་བྱས་ན་དྲང་ཐིག་གི་རང་བཞིན་ནི་དེའི་གསེག་ཕྱོད་ m དང་བཅད་ཐག་ b ཡི་འགྱུར་བ་དང་བསྟུན་ཏེ་འགྱུར་འགྲོ་བ་ཞིག་ཡིན་པ་གསལ་པོར་མཐོང་ཐུབ། དེ་དུས་ང་ཚོས་གཤམ་གསལ་ལྟར་དྲང་ཐིག་གི་འགྱུར་བར་ཉམས་ཞིབ་བྱས་ཆོག།

  • m ཡི་འགྱུར་བ་དང་བསྟུན་ཏེ་དྲང་ཐིག་ཇི་ལྟར་འགྱུར་འགྲོ་བ།
  • b ཡི་འགྱུར་བ་དང་བསྟུན་ཏེ་དྲང་ཐིག་ཇི་ལྟར་འགྱུར་འགྲོ་བ།
  • m ལ་མོ་ཡི་གྲངས་ཐང་ལེན་དུས་དྲང་ཐིག་ཇི་ལྟར་འགྱུར་འགྲོ་བ།
  • b ལ་མོ་ཡི་གྲངས་ཐང་ལེན་དུས་དྲང་ཐིག་ཇི་ལྟར་འགྱུར་འགྲོ་བ།
  • ཇི་ལྟར་བྱས་ན་གཞུང་ཐིག་ཅིག་འབྲི་ཐུབ་བམ་ལྟ་བུ།

ཚེག་གཉིས་ལས་དྲང་ཐིག་གི་མཉམ་བྱ་འབྲི་བ།

ཚེག་གཉིས་བརྒྱུད་དེ་དྲང་ཐིག་ཅིག་གཏན་ཁེལ་བྱེད་ཐུབ་པ་ནི་དྲང་ཐིག་གི་རང་བཞིན་ཞིག་ཡིན། ད་ང་ཚོས་ཚེག་གཉིས་ཀྱི་འགྱུར་བ་ལ་བརྟེན་ནས་དྲང་ཐིག་དང་དེའི་མཉམ་བྱར་འགྱུར་བ་ཇི་ལྟར་འགྲོ་བར་བལྟ་བར་བྱ།

འགུལ་རིས་དེར་གོང་འོག་བར་གསུམ་ཡོད་པ་དང་གོང་དུ་ Move the dots and see the line equation ནི་ཚེག་གཉིས་འགུལ་ཏེ་དྲང་ཐིག་གི་མཉམ་བྱའི་འགྱུར་བར་ལྟ་བ་ཞེས་པ་དང་ (to 2 decimal places) ནི་ཚེག་གི་གནས་ཚད་གྲངས་ཐང་ལ་སིལ་ཚེག་འོག་གི་གནས་གཉིས་ལེན་པ་ཞེས་པའི་དོན་ཡིན་པ། བར་དུ་ནི་ཚེག་དེ་གཉིས་བརྒྱུད་པའི་དྲང་ཐིག་གི་རིས་དབྱིབས་ཡིན། འོག་ཏུ་ནི་ཚེག་དེ་གཉིས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་འགྲོ་བའི་དྲང་ཐིག་གི་མཉམ་བྱ་ཡིན།

ང་ཚོས་ཚེག་གཉིས་འགུལ་ནས་གཤམ་གསལ་མཉམ་བྱ་དང་མཐུན་པའི་དྲང་ཐིག་བྲི་ཐུབ་བམ།

  • y = 2x + 1
  • y = -2x -1
  • y = x
  • y = 1
  • x = 1

དཔྱད་གཞི།

http://www.mathsisfun.com/data/straight_line_graph.html

Thanks!

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༧ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གིས་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » དྲང་ཐིག་གི་རང་བཞིན་ལ་ཉམས་ལེན་བྱེད་པ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏