དྲང་ཐིག་གི་གསེག་ཕྱོད་རྩི་བ།

གསེག་ཕྱོད་ཀྱིས་དྲང་ཐིག་ཞིག་གི་གཟར་ཚད་ཇི་འདྲ་ཡིན་མིན་གསལ་བཤད་བྱེད་ཀྱི་ཡོད།

ཐ་སྙད་ཤན་སྦྱར།

སྤྱི་འགྲོས 公式 formula
གནས་ཚད་མ་ལག 坐标系 coordinate system

ང་ཚོས་དྲང་ཐིག་གི་གསེག་ཕྱོད་ཇི་ལྟར་བྱས་ནས་མཚོན་པར་བྱེད་པ། ལས་དྲང་ཐིག་གི་གསེག་ཕྱོད་མཚོན་པར་བྱེད་པའི་སྤྱི་འགྲོས་ཤེས་ཡོད།

གསེག་ཕྱོད་སྤྱི་འགྲོས།                      གསེག་ཕྱོད = མཐོ་ཚད ÷ རིང་ཚད

ང་ཚོས་དྲང་ཐིག་དེ་དྲ་མིག་ཅན་གྱི་གནས་ཚད་མ་ལག་སྟེང་དུ་བཞག། དྲང་ཐིག་དུམ་བུ་ཞིག་བླངས་ཏེ་དེའི་གཡོན་སྣེ་ནས་གཡས་སྣེར་སྐྱོད་པ་དང་སྔོན་ལ་གཡས་སྣེ་ནས་ x ཕྱོགས་སུ་གང་འཚམ་ཞིག་སྐྱོད་རྗེས་སླར་ y ཕྱོགས་སུ་གང་འཚམ་ཞིག་སྐྱོད་པ་གཉིས་ཀྱི་མཐའ་འབྲས་ནི་མཚུངས་པ་ཡིན། དེ་ལས་ x ཕྱོགས་སུ་ཕྱིན་པ་དེ་ནི་རིང་ཚད་དམ་ x ཕྱོགས་ཀྱི་འགྱུར་ཚད་ཡིན་པ་དང་ y ཕྱོགས་སུ་ཕྱིན་པ་དེ་ནི་མཐོ་ཚད་དམ་ y ཕྱོགས་ཀྱི་འགྱུར་ཚད་ཡིན། དེར་བརྟེན་

གསེག་ཕྱོད = 
Y ཡི་འགྱུར་ཚད
——————
X ཡི་འགྱུར་ཚད
  gradient

དཔེར་ན།

གསེག་ཕྱོད \(=\frac{3}{3}=1\) 

གསེག་ཕྱོད \(=\frac{4}{2}=2\) 

དྲང་ཐིག་གཉིས་པ་ནི་དང་པོ་ལས་གཟར་བ་ཡོད་པས་གསེག་ཕྱོད་ཀྱང་ཆེ་བ་ཡོད།

གསེག་ཕྱོད \(=\frac{3}{5}=0.6\) 

དྲང་ཐིག་དེ་ནི་གོང་མ་གཉིས་ལས་མ་གཟར་བ་ཡོད་པས་གསེག་ཕྱོད་ཀྱང་ཆུང་བ་ཡོད།

གསེག་ཕྱོད \(=\frac{-4}{2}=-2\) 

གཡོན་སྣེ་ནས་མར་བབས་པའམ་ཡང་ན་མཐོ་ཚད་དེ་མོ་གྲངས་ཡིན་པས་གསེག་ཕྱོད་ཀྱང་མོ་གྲངས་ཡིན། དེ་ཡང་དྲང་ཐིག་གི་གཡོན་སྣེ་ནས་གཡས་སྣེ་བར་མར་བབས་པ་ཡིན།

གསེག་ཕྱོད \(=\frac{0}{5}=0\) 

དེ་ནི་ཆུ་ངོས་ཐིག་ཡིན་ཞིང་གཡོན་ནས་གཡས་སུ་འགྲོ་དུས་ཡར་འཛེགས་མེད་པས་མཐོ་ཚད་ཀྱང་མེད། དེ་ལྟར་ཆུ་ངོས་ཐིག་ལ་ནི་གསེག་ཚད་མེད།

གསེག་ཕྱོད \(=\frac{3}{0}=\) ཚད་མེད་ཆེ་བ་ཡིན། 

གཞུང་ཐིག་ནི་ཡར་འཛེག་རྒྱུ་ཁོ་ན་ལས་མདུན་དུ་འགྲོ་རྒྱུ་མེད་པས་དེའི་གཟར་ཚད་ནི་ཚད་མེད་ཆེ་བ་ཞིག་ཡིན།

དཔྱད་གཞི།

http://www.mathsisfun.com/gradient.html

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༣ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གིས་རྩོམ་སྒྱུར་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » དྲང་ཐིག་གི་གསེག་ཕྱོད་རྩི་བ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏