རེའུ་མིག་གཤམ་དུ་བཀོད་པའི་བསམ་འཆར་ལ་དཔེ་བལྟས་ཏེ་ཁྱེད་ཀྱིས་འདོད་པ་བཞིན་དུ་གྲངས་བགྲང་ཆོག་ལ་བགྲངས་པའི་གྲངས་ཀར་མཚོན་མདོག་ཀྱང་བྱུག་ཆོག།
ཐ་སྙད་ཤན་སྦྱར།
གྲངས་བགྲང་བ | 数数 | couniting |
ཡ་གྲངས | 奇数 | odd numbers |
ཆ་གྲངས | 偶数 | even numbers |
འཕྲེད | 行 | row |
གཞུང | 列 | column |
གསལ་བཤད།
1. Choose Color ནི་གདམ་བྱའི་མཚོན་མདོག་ཡིན།
2. Clear ཡིས་རེའུ་མིག་གཙང་སྦྲ་བྱེད་པ་ཡིན།
3. Start At ཡིས་རེའུ་མིག་དེ་འགོ་འཛུགས་ས་གྲངས་ 1 གམ་ཡང་ན་ 0 གང་ཡིན་གདམ་ཀ་བྱེད་པ་ཡིན།
4. none ཞེས་པའི་གཡས་ནས་ཁྱེད་ཀྱིས་གྲངས་ཀ་བགྲང་སྐབས་གཏན་ཁེལ་གྱི་གོམ་འགྲོས་ཤིག་ (2, 3, 4, 5, 6, 10 བཅས་ལས་) གདམ་ཆོག་པ་དང་ none གདམ་ཚེ་གོམ་འགྲོས་མེད་པར་རང་དགར་གྲངས་བགྲང་ཆོག་པ་ཡིན།
གྲངས་ཀྱི་རིའུ་མིག་འདིའི་རོགས་ལ་བརྟེན་ན་ང་ཚོས་སོ་སོའི་གོམ་འགྲོས་མི་འདྲ་བ་ལ་གཞིགས་ཏེ་གཡོན་ནས་གཡས་དང་སྟེང་ནས་འོག་གི་ཁ་ཕྱོགས་སུ་གྲངས་བགྲང་ཆོག།
གཤམ་གྱི་བསམ་འཆར་ལྟར་བགྲང་ཀྱང་ཆོག།
- ཡ་གྲངས་ལ་མཚོན་མདོག་ཅིག་བྱུག་པ་དང་དེ་ནས་ཆ་གྲངས་ལ་མཚོན་མདོག་གཞན་ཞིག་བྱུག་པ།
- 3 གྱི་གོམ་འགྲོས་ལྟར་མཚོན་མདོག་བྱུག་པ། (3, 6, 9, 12, 15, 18, 21, 24,…)
- 4 ཡི་གོམ་འགྲོས་ལྟར་མཚོན་མདོག་བྱུག་པ། (4, 8, 12, 16, 20, 24, 28, 32, …)
- 5 ཡི་གོམ་འགྲོས་ལྟར་མཚོན་མདོག་བྱུག་པ། (5, 10, 15, 20, 25, …)
- 6 གི་གོམ་འགྲོས་ལྟར་མཚོན་མདོག་བྱུག་པ། (6, 12, 18, 24, 30, 36, …) དེ་ནས་བར་དུ་ 3 གྱི་གོམ་འགྲོས་ལྟར་མཚོན་མདོག་བྱུག་པ།
- 3 ནས་ཐོན་ཏེ་ 5 ཡི་གོམ་འགྲོས་ལྟར་མཚོན་མདོག་བྱུག་པ།
- གཤམ་ནས་གོམ་འགྲོས་ཤིག་གདམས་པ་དང་རེའུ་མིག་ནས་གྲངས་ཤིག་གདམས་ནས་ཐོབ་པའི་མཚོན་མདོག་ལ་གྲངས་གང་དང་གང་འདུས་མིན་ལྟ་བ།
- འཕྲེད་(འཕྲེད་ནི་གཡོན་ནས་གཡས་སུ་འགྲོ་བ་ཡིན།)རེ་ལ་མཚོན་མདོག་མི་འདྲ་བ་རེ་བྱུག་པ།
- གཞུང་(གཞུང་ནི་སྟེང་ནས་འོག་ཏུ་འགྲོ་བ་ཡིན།)རེ་ལ་མཚོན་མདོག་མི་འདྲ་བ་རེ་བྱུག་པ།
དཔྱད་གཞི།
http://www.mathsisfun.com/numbers/number-chart.php
Many thanks for mathisfun!
༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༣༠ ཉིན།
བོད་སློབ་ཆེན་རྩིས་རིག་ཚན་ཁག།
ལྷག་པ་ཚེ་རིང་གིས་རྩོམ་སྒྱུར་བྱས།