ངེད་དྲ་ཚིགས་ནས་ ༢༠༡༥ ལོའི་མངའ་རིས་སློབ་ཆུང་དགེ་རྒན་གསོ་སྐྱོང་འཛིན་གྲྭར་དཔེ་དེབ་ཞིག་མཁོ་འདོན་བྱས་པ།

༢༠༡༥ ལོའི་ཟླ་བ་ ༧ པར་མངའ་རིས་སློབ་གསོ་ཅུས་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱུན་མཐུད་སློབ་གླིང་གིས་མཉམ་དུ་མངའ་རིས་སུ་སློབ་ཆུང་དགེ་རྒན་གསར་པའི་གསོ་སྐྱོང་འཛིན་གྲྭ་ཞིག་གཉེར་བ་རེད།

གུས་པས་འཛིན་གྲྭ་དེར་རྩིས་རིག་བསླབ་ཁྲིད་སྐོར་ལ་སློབ་ཚན་འགའ་ཁྲིད་པ་ཡིན། རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་ནས་དགེ་རྒན་རྣམ་པར་དཔེ་དེབ་ ༣༧ རིན་མེད་མཁོ་འདོན་བྱས་པ་ཡིན། དཔེ་དེབ་དེ་ནི་དངོས་སུ་པར་སྐྲུན་བྱས་པ་ཞིག་མ་ཡིན་པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱུན་མཐུད་སློབ་གླིང་གིས་འགྲོ་དངུལ་བཏང་ནས་ཐད་ཀར་པར་འདེབས་བྱས་པ་ཞིག་ཡིན། དཔེ་དེབ་ལ་ཤོག་གྲངས་ཁྱོན་བསྡོམས་པས་ ༡༩༠ ཙམ་ཡོད།

དཔེ་དེབ་ཀྱི་ནང་དོན་ནི་སློབ་ཆུང་དང་དམའ་འབྲིང་རྩིས་རིག་ཡིན་པ་དང་། བོད་སྐད་ཡིག་གི་ལམ་ནས་བརྗོད་བྱ་སོ་སོའི་འབྱུང་ཁུངས་དང་དོན་སྙིང་། འཕེལ་རིམ་སོགས་ལ་རྗོད་བྱེད་ཚིག་དང་དཔེ་རིས། འགུལ་རིས་སོགས་ཀྱིས་ཁ་གསལ་ལ་གོ་བདེ་བའི་འགྲེལ་བཤད་བྱས་ཡོད་པས་ཚང་མའི་དགའ་བསུ་ཐོབ། འགུལ་རིས་དང་མཉེན་ཆས་རིགས་རྣམས་ནི་དྲ་ཐོག་མ་གཏོགས་བལྟ་མི་ཐུབ།

དཔེ་དེབ་དེར་བཀོད་པའི་རྩོམ་ཡིག་མང་ཆེ་བ་ནི། དེང་སྐབས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཅན་གྱི་རྩིས་རིག་སློབ་གསོ་བ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་རྩིས་རིག་དགེ་རྒན་གྱི་རྩིས་རིག་ཇི་ལྟར་སློབ་པ་དང་། སློབ་མས་ཇི་ལྟར་སྦྱོང་བའི་སྔོན་ཐོན་བསམ་བློ་དང་ཐབས་ཤེས་ཀྱི་དཔེ་མཚོན་ཡིན་པས་གསོ་སྐྱོང་འཛིན་གྲྭར་ཤིན་ཏུ་འཚམ་པ་ཞིག་བྱུང་། རང་ལྗོངས་ཞིང་འབྲོག་ཁུལ་དུ་བསླབ་དེབ་ཕུད་དེ་མིན་བོད་སྐད་ཡིག་ལམ་ནས་བྲིས་པའི་རྩིས་རིག་སློབ་སྦྱོང་དང་འབྲེལ་བའི་དཔེ་དེབ་ནི་ཤིན་ཏུ་མཐོང་དཀའ་བ་ཞིག་ཡིན། དེར་བརྟེན་ད་ཐེངས་གསོ་སྐྱོང་འཛིན་གྲྭའི་དགེ་རྒན་རྣམས་ལ་སྤྲད་པའི་དཔེ་དེབ་དེ་བཞིན་ཁོ་ཚོའི་འབྱུང་འགྱུར་རྩིས་རིག་སློབ་ཁྲིད་བྱ་བར་བློ་སྒོ་འབྱེད་བའི་ལྡེ་མིག་ལྟ་བུར་གྱུར་བའི་རེ་བ་ཆེན་པོ་ཡོད།

གསལ་བཤད་ཞུ་དགོས་པ་ཞིག་ལ་དཔེ་དེབ་ནང་དུ་ཡིག་ནོར་ཡོད་པ་རྣམས་དྲ་ཚིགས་སུ་བཅོས་ཡོད་པས་དྲ་ཚིགས་དང་འབྲེལ་ནས་གཟིགས་རོགས་ཞུ།

དཔེ་དེབ་དེ་ནི་ངེད་དྲ་ཚིགས་ནས་བཏོན་པའི་དཔེ་དེབ་ཐོག་མ་དེ་ཡིན། གལ་ཏེ་བོད་ཀྱི་རྩིས་རིག་སློབ་གསོའི་བྱ་བ་ལ་ཞལ་འདེབས་གནང་མཁན་ཡོད་ན་ཁྱེད་ཀྱིས་པར་སྐྲུན་འགྲོ་དངུལ་གཏང་ནས་ང་ཚོ་མཉམ་དུ་སྤུད་ཀ་ལེགས་པའི་རྩིས་རིག་སློབ་སྦྱོང་དང་འབྲེལ་བའི་དཔེ་དེབ་དངོས་སུ་པར་སྐྲུན་བྱས་ཏེ་ཞིང་འབྲོག་ཁུལ་དུ་རིན་མེད་ངང་མཁོ་འདོན་བྱེད་པར་འདོད།།

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༣༠ ཉིན།

རྩིས་རིག་ཤེས་བྱའི་སྡོང་པོ་ནས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » ངེད་དྲ་ཚིགས་ནས་ ༢༠༡༥ ལོའི་མངའ་རིས་སློབ་ཆུང་དགེ་རྒན་གསོ་སྐྱོང་འཛིན་གྲྭར་དཔེ་དེབ་ཞིག་མཁོ་འདོན་བྱས་པ།
མཉམ་སྤྱོད།:
ཡག་པོ་འདུག(3) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏