རྩིས་རིག་བལྟས་ནས་སྦྱོང་བ་ཞེས་པའི་དྲ་ཚིགས་ཤིག།

རྩིས་རིག་སློབ་སྦྱོང་ནི་གཙོ་བོ་གནས་ལུགས་རྒྱུ་མཚན་ལ་རང་རང་སོ་སོ་ནས་འཚོལ་ཞིབ་དང་ཉམས་ལེན་བྱས་ཏེ་དེ་ནི་ངོ་མ་དེ་རང་རེད་ལྟ་བུའི་ཡིད་ཆེས་ཐོབ་པ་ཞིག་ཡིན་དགོས།

དེ་མིན་གཞན་གྱིས་ཁུངས་ལུང་མེད་པར་དེ་ནི་དེ་ལྟར་རེད་ཟེར་བར་ཡིད་ཆེས་ཏེ་བློ་འཛིན་ཙམ་བྱས་ནས་བསྡད་ན་ག་ལ་འགྲིག། དེ་ནི་ཤེས་པའི་ཐོག་ནས་རང་བཞིན་གྱིས་བློ་ཡུལ་དུ་འཇགས་པ་དང་ཡོངས་སུ་ཐ་དད་པ་ཞིག་ཡིན། རྩིས་རིག་གི་ནང་དོན་གོང་འོག་དང་ཕན་ཚུན་བར་གནས་ལུགས་རྒྱུ་མཚན་གྱིས་མ་འབྲེལ་བར་སྟབས་བདེའི་བློ་འཛིན་བྱེད་པ་ནི་རྩིས་རིག་སློབ་སྦྱོང་གི་དགྲ་བོ་ངོ་མ་དེ་ཡིན།

རྩིས་རིག་སློབ་སྦྱོང་བྱེད་སྐབས་དགེ་སློབ་ཚོས་མཉམ་དུ་ནང་དོན་གི་འཕེལ་རིམ་ཁྲོད་དུ་འཚོལ་ཞིབ་དང་ཉམས་ལེན། བརྟག་དཔྱད་སོགས་བྱས་ཏེ་སྔ་ཕྱི་གོང་འོག་གི་རྒྱུ་འབྲས་འབྲེལ་བ་དང་གཡས་གཡོན་ཕན་ཚུན་གྱི་མཐུན་མིན་འབྲེལ་བ་ཤེས་པར་བྱ་རྒྱུ་ནི་སློབ་སྦྱོང་གི་དམིགས་ཡུལ་ཡིན་ལ་དཀའ་གནད་ཞིག་ཀྱང་ཡིན།

སྐབས་རེ་གནས་ལུགས་ཁ་ཤས་ལ་འགྲེལ་བཤད་བྱེད་དཀའ་བ་དང་གོ་བོ་ལེན་དཀའ་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། དེ་དུས་གལ་ཏེ་གནས་ལུགས་དེ་གསལ་བཤད་ཇི་མ་ཇི་བཞིན་དུ་བྱེད་ཐུབ་པའི་འགུལ་རིས་ཤིག་ཡོད་ན་ཕལ་ཆེར་བསམ་ཡུལ་ལས་འདས་པའི་བྱེད་ནུས་ཐོན་སྲིད།

རྩིས་རིག་བལྟས་ནས་སྦྱོང་བ་ http://www.seemath.com/ ཞེས་པ་དེ་ནི་གྲགས་ཅན་གྱི་རྩིས་རིག་དྲ་ཚིགས་ཤིག་ཡིན། དྲ་ཚིགས་དེའི་དམིགས་བསལ་ཁྱད་ཆོས་ནི་ནང་དོན་ཐམས་ཅད་འགུལ་རིས་ཡིན་པ་དང་ང་ཚོས་འགུལ་རིས་ལ་ལྟ་བཞིན་ལྟ་བཞིན་གནས་ལུགས་རྒྱུ་མཚན་ངང་གིས་ཤེས་ཀྱི་ཡོད།

དྲ་ཚིགས་དེ་བཞིན་དགེ་རྒན་རྣམ་པས་སློབ་ཁང་ནང་སྤྱོད་ཐུབ་ན་བསམ་ཡུལ་ལས་འདས་པའི་ཕན་ནུས་ཐོན་སྲིད། དེ་ལྟར་བྱེད་ཐུབ་པའང་དགེ་རྒན་ཁྱེད་ཀྱི་འཇོན་ཐང་རང་ཡིན།

གསལ་བཤད།

དང་པོ།  དྲ་ཚིགས་དེ་ནི་རྩིས་རིག་བལྟས་ནས་སྦྱོང་བ་ཡིན་པས་ཁྱེད་ཀྱིས་འགུལ་རིས་ཤིག་ཁ་ཕྱེས་ནས་བལྟས་པས་ཆོག།

གཉིས་པ།  གལ་སྲིད་ཁྱེད་རང་དེར་ཐོན་པའི་དབྱིན་ཡིག་འགའི་ནང་དོན་ཤེས་འདོད་ན་ཚིག་མཛོད་ནས་ཚོལ།

གསུམ་པ།  བལྟས་ནས་སྦྱོང་བ་ཞིག་ཡིན་པས་ཡི་གེར་སྣང་མེད་བྱས་ཆོག།

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༡༠ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » རྩིས་རིག་བལྟས་ནས་སྦྱོང་བ་ཞེས་པའི་དྲ་ཚིགས་ཤིག།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།4

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།
  1. #3
    དགེན་ལྷག་པ་ཚེ་རིང་ལགས་གྲངས་རིགས་ཚིག་མཛོད་ཞིག་ངོ་སྤྲོད་གནང་རོགས་ཞུ།     བཀའ་དྲིན་ཆེ།
    བློ་བཟང་ཆོས་ལྡན།2015-07-13 14:40:31ལན་འདེབས།
    • དགོངས་དག་བློ་བཟང་ཆོས་ལྡན་ལགས། ང་རང་སྐབས་ཤིག་རིང་མངའ་རིས་སུ་སློབ་ཁྲིད་བྱེད་པར་ཕྱིན་པས་ཁྱེད་ལ་ལན་ད་བར་བྱུང་མ་སོང་།

      འདིར་ཁྱེད་ལ་གྲངས་རིག་ཚིག་མཛོད་གཉིས་ངོ་སྤྲོད་ཞུ་རྒྱུ་ཡོད།

      དེ་ནི་ད་བར་གྲངས་རིག་ཚིག་མཛོད་ཆེ་ཤོས་དེ་ཡིན། ཕལ་ཆེར་དཔེ་ཚོང་ཁང་ན་མེད་ཤས་ཆེ། ཁྱེད་ཀྱིས་བོད་ལྗོངས་བསླབ་གཞི་རྩོམ་སྒྱུར་ཅུས་ལ་ཐབས་ཤེས་ཤིག་གྱིས་དང་། གལ་ཏེ་མེད་ན་རྗེས་སུ་ང་དང་ཁ་པར་(13659503019)བརྒྱུད་འབྲེལ་བ་ཞིག་གནང་རོགས།

      ཚིག་མཛོད་གཉིས་པ་དེ་དཔེ་ཚོང་ཁང་ལ་ཨེ་འདུག་གཟིགས་དང་། གལ་ཏེ་མེད་ན་ http://book.kongfz.com/item_pic_16194_241803647/ བརྒྱུད་ནས་ཉོ་ཐུབ་བམ་གཟིགས།

      དེ་ནི་གཙོ་བོ་སློབ་གྲྭ་ཆུང་འབྲིང་དང་འབྲེལ་བའི་ཚིག་མཛོད་ཅིག་རེད་འདུག།

      ད་དུང་ཉེ་ཆར་བློ་བཟང་ཚན་རྩལ་ཀུང་སིས་གློག་རྡུལ་ཚིག་མཛོད་གསར་པ་ཞིག་འགྲེམས་སྤེལ་བྱ་རྩིས་འདུག། དེར་བསྡོམས་པས་ཚིག་མཛོད ༦༠ ཙམ་ཡོད་ཟེར། སྟབས་ལེགས་པ་ཞིག་ལ་ཚིག་མཛོད་དེར་ང་ཚོར་དགོས་པའི་རྩིས་རིག་ཚིག་མཛོད་ཀྱང་བཅུག་ཡོད་པ་འདྲ།

      ལྷག་པ་ཚེ་རིང་ནས།

      རྩིས་རིག་ཤེས་བྱའི་སྡོང་པོ།2015-08-04 10:55:36ལན་འདེབས།
  2. #2
    དགེན་ལྷག་པ་ཚེ་རིང་ལགས་ སྐྱོན་མེད་   ལགས་སོའོ་  བཀའ་དྲིན་ཆེ།
    བློ་བཟང་ཆོས་ལྡན།2015-08-06 11:23:14ལན་འདེབས།
  3. #1
    བཀའ་དྲིན་ཆེ།
    ཕུན་ཚོགས་བསམ་གྲུབ།2015-08-14 13:28:30ལན་འདེབས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏