སྒོར་དབྱིབས་ཀྱི་རྒྱ་ཁྱོན།

སྒོར་དབྱིབས་ཐམས་ཅད་ཀྱི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་རིང་ཚད་གཉིས་ཀྱི་སྡུར་ནི་ནམ་ཡང་ \(\pi\) ཡིན།

ཞེས་རྩོམ་ཡིག་ π=3.14159265358979323846…ལས་ཤེས་ཟིན།

དེ་རིང་ང་ཚོས་དུམ་བུར་གཏུབས་པའི་ཐབས་ལ་བརྟེན་ནས་སྒོར་དབྱིབས་ཀྱི་རྒྱ་ཁྱོན་སྤྱི་འགྲོས་རྙེད་ཐུབ་པ་བྱ་རྒྱུ་ཡིན།

དཔེར་ན་སྒོར་དབྱིབས་ཤིག་ཆ་སྙོམས་ཀྱིས་དུམ་བུ་ 12 སུ་གཏུབས་པ་གཤམ་གསལ་ལྟར།

དེའི་ནང་ནས་དུམ་བུ་གང་རུང་ཞིག་སླར་ཕྱེད་གཉིས་སུ་གཏུབས་ནས་(འདིར་དུམ་བུ་ 1 པོ་དེ་སླར་ཕྱེད་ཀ་གཉིས་སུ་གཏུབས་ཡོད།)ཁྱོན་བསྡོམས་དུམ་བུ་ 13 བྱུང་བ་ 1 པོ་ནས་ 13 པ་ལྟར་ཨང་རྟགས་བཀོད་པ་གཤམ་ལྟར།

དེ་ནས་དུམ་བུ་ 13 ཡོད་པ་དེ་རྣམས་སླར་གྲུ་བཞི་ནར་མོ་འདྲ་བ་ཞིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར།

དེ་ཡང་ཧ་ལམ་གཤམ་གྱི་གྲུ་བཞི་ནར་མོ་དེ་དང་མཚུངས་པ་ཞིག་ཡིན།

གྲུ་བཞི་ནར་མོ་དེའི་དཀྱུས་དང་ཞེང་ལ་ཧ་ལམ་ག་ཚོད་ཙམ་ཡིན་ནམ།

  • དཀྱུས་ནི་ཧ་ལམ་སྒོར་མོའི་མཐའ་འཁོར་རིང་ཚད་ཀྱི་ཕྱེད་ཀ་ཡིན་པ་དང་།
  • ཞེང་ནི་ཧ་ལམ་སྒོར་མོའི་ཚངས་ཕྱེད་ཡིན།

ཤེས་གསལ་ལྟར་  སྒོར་མོའི་མཐའ་འཁོར་རིང་ཚད་ =π × ཚངས་ཐིག =  π ×  2× ཚངས་ཕྱེད     ཡིན་པས་

དཀྱུས་ = π × ཚངས་ཕྱེད།    ཡིན།

དེར་བརྟེན་ གྲུ་བཞི་ནར་མོའི་རྒྱ་ཁྱོན་ནམ་ཡང་ན་སྒོར་དབྱིབས་ཀྱི་རྒྱ་ཁྱོན་ནི་ཧ་ལམ་

 (π × ཚངས་ཕྱེད) × (ཚངས་ཕྱེད)

= π × ཚངས་ཕྱེད2

ཡིན་ནོ།

རྒྱ་ཁྱོན་ངོས་འཛིན། ནང་དུ་བཟོ་ལྟ་མི་འདྲ་བའི་ངོས་ཀྱི་རྒྱ་ཁྱོན་རྩི་སྐབས་ངོས་དེ་གྲུ་བཞི་ཁ་གང་མ་དང་ཟུར་གསུམ་དབྱིབས་ལྟ་བུ་རྒྱུས་མངའ་ཆེ་བའི་དབྱིབས་སུ་ཕབ་པ་ཇི་བཞིན་ང་ཚོས་སྒོར་དབྱིབས་ཡང་གྲུ་བཞི་ནར་མོར་ཕབ་ནས་དེའི་རྒྱ་ཁྱོན་བརྩིས་པ་ཡིན། དེ་ནི་རྩིས་རིག་གི་ཤིན་ཏུ་གལ་ཆེ་བའི་བསམ་བློ་ཞིག་ཡིན།

དཔྱད་གཞི།

http://www.mathsisfun.com/geometry/circle-area-by-sectors.html

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༩ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

 

 

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » སྒོར་དབྱིབས་ཀྱི་རྒྱ་ཁྱོན།
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏