སྡོམ་འཐེན་བྱེད་དུས་གཡས་གཡོན་དོ་མཉམ་པར་བྱེད་པ།

མ་ཤེས་གྲངས་སམ་གསང་བ་འདུས་པའི་རྩིས་རིག་གནད་དོན་ལ་ཚབ་རྩིས་ཟེར་ཞིང་མཉམ་བྱ་ནི་ཚབ་རྩིས་ཀྱི་གལ་ཆེའི་ཆ་ཤས་ཤིག་ཡིན།

གོང་དུ་ང་ཚོས་མཉམ་བྱ་དང་འབྲེལ་བའི་རྩོམ་ཡིག་ཁ་ཤས་བཀོད་ཡོད་པ་ནི་ གཡས་གཡོན་དོ་མཉམ་པར་བྱེད་པ། དང་ དང་པོ་ཇི་ལྟར་བྱ། གཉིས་པ་ཇི་ལྟར་བྱ། དེ་ནས་ཇི་ལྟར་བྱ། ཅུང་སྙོག་པའི་མཉམ་བྱ་འགྲོལ་བ། གྲངས་ཆ་ཡོད་པའི་མཉམ་བྱ་འགྲོལ་བ། སིལ་གྲངས་ཡོད་པའི་མཉམ་བྱ་འགྲོལ་བ། བཅས་ཡིན་པས་དེ་དག་སློབ་སྦྱོང་བྱས་པ་བརྒྱུད་ཁྱེད་ཀྱིས་མཉམ་བྱའི་དོན་སྙིང་ལ་གོ་བ་གཏིང་ཟབ་མོ་ལེན་ཐུབ་པ་དང་དེའི་རྨང་གཞིའི་ཐོག་མཉམ་བྱ་བདེ་བླག་ངང་འགྲོལ་ཐུབ་པར་ཐེ་ཚོམ་མེད།

དེ་རིང་ང་ཚོས་འཛམ་གླིང་དུ་སྐད་གྲངས་ཆེ་བའི་རྩིས་རིག་དྲ་ཚིགས་ mathsisfun.com ཞེས་པ་ལས་གཡས་གཡོན་དོ་མཉམ་པར་བྱ་བའི་གཤམ་གྱི་འགུལ་རིས་དེ་སྤྱད་ནས་སླར་མཉམ་བྱའི་དོ་མཉམ་རང་བཞིན་དང་རང་བཞིན་དེ་སྤྱད་ནས་མཉམ་བྱ་ཇི་ལྟར་འགྲོལ་བར་ཉམས་ལེན་གཏིང་ཟབ་མོ་ཞིག་བྱ་རྒྱུ་ཡིན།

འགུལ་རིས་དེ་བཞིན་རྩིས་འཁོར་ལག་རྩལ་མཁས་པ་དང་རྩིས་རིག་སློབ་གསོ་མཁས་པ་རྣམ་པས་བཟོས་པའི་ཆུ་ཚད་ཧ་ཅང་མཐོ་བའི་འགུལ་རིས་ཤིག་ཡིན་པས་བེད་སྤྱོད་ཀྱི་རིན་ཐང་ཤིན་ཏུ་ཆེན་པོ་ལྡན། འགུལ་རིས་དེ་ལྟ་བུ་ནི་དགེ་སློབ་གཉིས་ཀས་སྤྱད་ཆོག་པ་ཞིག་ཡིན། གལ་ཏེ་ཁྱེད་རྣམ་པས་དལ་དལ་ལྷོད་ལྷོད་ངང་འགུལ་རིས་དེར་ཉམས་ལེན་བྱེད་ཐུབ་ན་གོང་གི་མཉམ་བྱའི་ནང་དོན་གཞན་རྣམས་བལྟ་མི་དགོས་པར་དེ་ཁོ་ན་ལས་མཉམ་པར་བྱ་བ་མཉམ་བྱའི་ངོ་བོ་དང་ངོ་བོ་དེ་གཞིར་བཟུང་སྟེ་མཉམ་བྱ་ཇི་ལྟར་འགྲོལ་བ་སོགས་ལ་གོ་བ་གཏིང་ཟབ་ལེན་ཐུབ་རྒྱུར་ཐེ་ཚོམ་སྤུ་ཙམ་མེད།

མ་གཞི་ཁྱེད་རང་གིས་འགུལ་རིས་དེ་བེད་སྤྱོད་བྱེད་པའི་ཞོར་ལ་དེའི་བྱེད་ནུས་རྣམས་ཤེས་ཐུབ། འོན་ཀྱང་འདིར་སྟབས་བདེའི་སྤྱོད་སྟངས་འགའ་གསལ་བཤད་བྱ་རྒྱུ་ཡིན།

དང་པོ།     གྲུ་བཞིའི་གཡས་སྟེང་དུ་ New Equation ཞེས་པ་གནན་ནས་མཉམ་བྱ་གསར་པ་ཞིག་མཁོ་འདོན་བྱེད་པ།

གཉིས་པ།   དཀྱིལ་དུ་མཉམ་བྱ་ནི་དོ་མཉམ་པའི་རྒྱ་མའི་གཟུགས་སུ་མངོན་པར་བྱས།

གསུམ་པ།   འོག་ཏུ་མཉམ་བྱ་ནི་རྩིས་རིག་གི་རྣམ་པས་མཚོན་པར་བྱས།

བཞི་པ། གཡོན་དཀྱིལ་གྲུ་བཞི་ཆུང་བའི་ནང་ནས་ཁྱེད་ཀྱིས་རྒྱ་མའི་གཡས་གཡོན་གཉིས་སུ་ལྗིད་ཚད་ལ་ x ཡིན་པ་སྡོམ་པའམ་ཡང་ན་འཐེན་པས་ཆོག།

ལྔ་པ། གཡོན་དཀྱིལ་གྲུ་བཞི་ཆུང་བའི་ནང་ནས་ཁྱེད་ཀྱིས་རྒྱ་མའི་གཡས་གཡོན་གཉིས་སུ་ལྗིད་ཚད་ལ་ 1 ཡིན་པ་སྡོམ་པའམ་ཡང་ན་འཐེན་པས་ཆོག།

དྲུག་པ། དེ་ལྟར་མཉམ་བྱ་སྔ་མར་དོ་མཉམ་འགྱུར་བ་བཏང་བས་དེ་བསྟུན་དཀྱིལ་དུ་རྒྱ་མ་ཕྱི་མ་དང་འོག་ཏུ་མཉམ་བྱ་ཕྱི་མ་མངོན་པར་བྱེད།

བདུན་པ། གོང་ལྟར་དོ་མཉམ་སྡོམ་འཐེན་ཁོ་ན་བརྒྱུད་དེ་མཉམ་བྱ་སྔ་མ་སྔ་མ་ནས་མཉམ་བྱ་ཕྱི་མ་ཕྱི་མར་འགྱུར་འགྲོ་བ་ཡིན།

བརྒྱད་པ། ཁྱེད་ཀྱི་མཐའ་མའི་དམིགས་ཡུལ་ནི་ཐོག་མའི་མཉམ་བྱ་དེ་འགྲོལ་རྒྱུ་རང་ཡིན་པས་མཐར་ x=3 ལྟ་བུའི་རྒྱ་མ་ཞིག་གམ་མཉམ་བྱ་ཞིག་ཐོབ་པ་བྱ་དགོས།

དགུ་པ། འོན་ཀྱང་མཐའ་མའི་དམིགས་ཡུལ་དེ་བསྒྲུབ་པར་བྲེལ་བ་གཏན་ནས་བྱ་རྒྱུ་མེད་དེ་བརྒྱུད་རིམ་ཁྲོད་དུ་ཉམས་ཞིབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།།

བཅུ་པ།  འགུལ་རེས་དེར་གྲུ་བཞིའི་མཐའ་ནས་འཐེན་ཏེ་ཆེ་ཆུང་འགྱུར་བ་གཏང་ཆོག།

དཔྱད་གཞི།

http://www.mathsisfun.com/algebra/add-subtract-balance.html

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༨ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » སྡོམ་འཐེན་བྱེད་དུས་གཡས་གཡོན་དོ་མཉམ་པར་བྱེད་པ།
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏