སིལ་གྲངས་དང་གྲངས་ཆ། བརྒྱ་ཆའི་གྲངས།

སིལ་གྲངས་དང་གྲངས་ཆ། བརྒྱ་ཆའི་གྲངས་བཅས་གསུམ་ནི་གྲངས་ཐང་གཅིག་གི་མཚོན་སྟངས་མི་འདྲ་བ་གསུམ་ཡིན།

གྲངས་ཐང་ཕྱེད་ཀ་ཡི་མཚོན་སྟངས་མི་འདྲ་བ།
   
གྲངས་ཆའི་རྣམ་པ།
\(\frac{1}{2}\)
སིལ་གྲངས་ཀྱི་རྣམ་པ།
0.5
བརྒྱ་ཆའི་གྲངས་ཀྱི་རྣམ་པ།
50%
གྲངས་ཐང་ཕྱེད་ཀའི་ཕྱེད་ཀ་ཡི་མཚོན་སྟངས་མི་འདྲ་བ།
   
གྲངས་ཆའི་རྣམ་པ།
\(\frac{1}{4}\)
སིལ་གྲངས་ཀྱི་རྣམ་པ།
0.25
བརྒྱ་ཆའི་གྲངས་ཀྱི་རྣམ་པ།
25%

གཤམ་གསལ་ནི་གྲངས་ཆ་དང་བརྒྱ་ཆའི་གྲངས། སིལ་གྲངས་བཅས་གསུམ་ཕན་ཚུན་ཕབ་འགྱུར་བྱེད་པའི་འགུལ་རིས་ཤིག་ཡིན། ཁྱེད་ཀྱིས་ཙི་གུ་སྤྱད་ནས་གྲངས་ཐང་ཞིག་གི་མཚོན་སྟངས་མི་འདྲ་བ་གསུམ་ལ་ཉམས་ལེན་བྱས་ཆོག། གྲངས་ཆའི་གཡས་འགྲམ་དུ་དེའི་དབྱིན་ཡིག་ཀློག་སྟངས་ཐོན་པས་དེར་དོ་སྣང་མ་བྱས་པས་ཆོག།

དཔེར་བརྗོད།

འདིར་རིའུ་མིག་ནང་དུ་རྒྱུན་སྤྱོད་གྲངས་ཐང་གི་བརྒྱ་ཆའི་གྲངས་དང་སིལ་གྲངས། གྲངས་ཆ་བཅས་གསུམ་གྱི་རྣམ་པ་བཀོད་ཡོད།

བརྒྱ་ཆའི་གྲངས། སིལ་གྲངས། གྲངས་ཆ།
1% 0.01 \(\frac{1}{100}\)
5% 0.05 \(\frac{1}{20}\)
10% 0.1 \(\frac{1}{10}\)
12½% 0.125 \(\frac{1}{8}\)
20% 0.2 \(\frac{1}{5}\)
25% 0.25 \(\frac{1}{4}\)
331/3% 0.333… \(\frac{1}{3}\)
50% 0.5 \(\frac{1}{2}\)
75% 0.75 \(\frac{3}{4}\)
80% 0.8 \(\frac{4}{5}\)
90% 0.9 \(\frac{9}{10}\)
99% 0.99 \(\frac{99}{100}\)
100% 1 \(\frac{100}{100}\)
125% 1.25 \(\frac{5}{4}\)
150% 1.5 \(\frac{3}{2}\)
200% 2

རྣམ་པ་གསུམ་ཕན་ཚུན་ཕབ་བསྒྱུར་བྱེད་པ།

དང་པོ། བརྒྱ་ཆའི་གྲངས་ནས་སིལ་གྲངས་སུ་ཕབ་བསྒྱུར་བྱེད་པ།

\(25\%\) སིལ་གྲངས་སུ་ཕབ་དགོས་ན་ དེ་ཡང་ \(25\%=\frac{25}{100}=0.25\) ཡིན་ནོ།

\(75\%\) སིལ་གྲངས་སུ་ཕབ་དགོས་ན་ དེ་ཡང་ \(75\%=\frac{75}{100}=0.75\) ཡིན་ནོ།

གཉིས་པ། སིལ་གྲངས་ནས་བརྒྱ་ཆའི་གྲངས་སུ་ཕབ་བསྒྱུར་བྱེད་པ།

0.125 བརྒྱ་ཆའི་གྲངས་སུ་ཕབ་དགོས་ན་ དེ་ཡང་

\(0.125=\frac{0.125}{1}=\frac{0.125\times 100}{1\times 100}=\frac{12.5}{100}=12.5\%\)

ཡིན་ནོ།

གསུམ་པ། གྲངས་ཆ་ནས་སིལ་གྲངས་སུ་ཕབ་བསྒྱུར་བྱེད་པ།

\(\frac{2}{5}\) སིལ་གྲངས་སུ་ཕབ་དགོས་ན་ 2 ལ་ 5 ཡིས་བགོ་རྒྱུ་རང་ཡིན། དེ་ཡང་ \(\frac{2}{5}=2÷5=0.4\) ཡིན།

བཞི་པ། སིལ་གྲངས་ནས་གྲངས་ཆར་ཕབ་བསྒྱུར་བྱེད་པ།

གོ་རིམ། དཔེར་བརྗོད།
སིལ་གྲངས་དེའི་མ་ཆ་ 1 བྱེད་པ། \(\frac{0.75}{1}\)
མཚུངས་པའི་གྲངས་ཆ་སྤྱད་དེ་སྟེང་འོག་གཉིས་སུ་ཐེངས་རེར་ 10 ཡིས་བསྒྱར་ནས་སིལ་ཚེག་མེད་པ་བཟོ་བ། འདིར་སིལ་ཚེག་མས་སུ་གྲངས་གཉིས་ཡོད་པས་ 100 ཡིས་བསྒྱུར་བས་ཆོག། \(\frac{0.75×100}{1×100}\)
གྲངས་ཆའི་རྣམ་པ་ཐོབ་པ། \(\frac{75}{100}\)
གྲངས་ཆ་སླ་བསྡུས་བྱེད་པ། \(\frac{3}{4}\)

ལྔ་པ། གྲངས་ཆ་ནས་བརྒྱ་ཆའི་གྲངས་སུ་ཕབ་བསྒྱུར་བྱེད་པ།

དཔེར་ན་གྲངས་ཆ་ \(\frac{3}{8}\) བརྒྱ་ཆའི་གྲངས་སུ་ཕབ་ན་

\(\frac{3}{8}=3÷8=0.375=\frac{0.375}{1}=\frac{0.375\times 100}{1\times 100}=\frac{37.5}{100}=37.5\%\)

ལྟར་ཡིན་ནོ།

དྲུག་པ། བརྒྱ་ཆའི་གྲངས་ནས་གྲངས་ཆར་ཕབ་བསྒྱུར་བྱེད་པ།

དཔེར་ན་ \(80\%\) གྲངས་ཆར་ཕབ་ན་ \(80\%=\frac{80}{100}=\frac{8}{10}=\frac{4}{5}\) ལྟར་ཡིན།

གོང་དུ་གྲངས་ཆ་དང་སིལ་གྲངས། བརྒྱ་ཆའི་གྲངས་བཅས་གྲངས་ཀྱི་རྣམ་པ་གསུམ་གྱི་ཕན་ཚུན་ཕབ་བསྒྱུར་བྱེད་ལུགས་སྐོར་དཔེར་བརྗོད་ནས་གསལ་བཤད་བྱས་ཡོད་པས་ ཁྱེད་ནས་དེ་བཞིན་རིགས་འགྲེ་སྟེ་ཤེས་པར་བྱའོ།།

གཞན་དྲ་ཚིགས་ནང་གི་གྲངས་ཆའི་རྩོམ་ཡིག་གཞན་ལ་དཔྱད་གཞི་གནང་བར་བྱ།

དཔྱད་གཞི།

http://www.mathsisfun.com/decimal-fraction-percentage.html

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༧ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(0)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།