གྲངས་ཐིག།

 

 

གྲངས་ཐིག་ནི་གྲངས་མཚོན་བྱེད་ཀྱི་མ་དཔེ་གཙོ་བོ་དེ་ཡིན། གྲངས་རྣམས་གྲངས་ཐིག་ཐོག་ཏུ་ཕབ་ན་གྲངས་ཕན་ཚུན་ཆེ་ཆུང་བསྡུར་བ་སོགས་ཧ་ཅང་ལས་སླ་པོ་ཡིན།

གྲངས་ཐིག་ལ་གྲངས་ཀྱི་སྲོག་ཤིང་ཡང་ཟེར་ཞིང་ དེ་ནི་ 0 ནས་འགོ་བཙུགས་ཤིང་གཡོན་ཕྱོགས་ཀྱིས་མོ་ཕྱོགས་མཚོན་པ་དང་གཡས་ཕྱོགས་ཀྱིས་ཕོ་ཕྱོགས་མཚོན་པའི་དྲང་ཐིག་ཞིག་ཡིན།

གྲངས་གང་རུང་གཉིས་ཆེ་ཆུང་བསྡུར་སྐབས་གཡོན་དུ་ཡོད་པའི་གྲངས་དེ་ནི་གཡས་སུ་ཡོད་པའི་གྲངས་དེ་ལས་ཆུང་བ་ཡིན་པས་སྤྱིར་བཏང་དུ་གཡོན་ཆུང་གཡས་ཆེའམ་ཡང་ན་གཡས་ཆེ་གཡོན་ཆུང་གི་འགྲོ་སྟངས་ཤིག་ཡིན།

གཡོན་དུ་ཡོད་པའི་གྲངས་ནི་གཡས་སུ་ཡོད་པའི་གྲངས་ལས་ཆུང་བ་ཡིན་པ་དཔེར་ན།

5 ནི་ 8 ལས་ཆུང་བ་ཡིན།

-1 ནི་ 1 ལས་ཆུང་བ་ཡིན།

-8 ནི་ -5 ལས་ཆུང་བ་ཡིན།

-1 ནི་ 0 ལས་ཆུང་བ་ཡིན་པ་ལྟ་བུ།

གཡས་སུ་ཡོད་པའི་གྲངས་ནི་གཡོན་དུ་ཡོད་པའི་གྲངས་ལས་ཆེ་བ་ཡིན་པ་དཔེར་ན།

8 ནི་ 5 ལས་ཆེ་བ་ཡིན།

1 ནི་ -1 ལས་ཆེ་བ་ཡིན།

-5 ནི་ -8 ལས་ཆེ་བ་ཡིན།

0 ནི་ -1 ལས་ཆེ་བ་ཡིན་པ་ལྟ་བུ།

གཤམ་གསལ་ནི་གྲངས་ཐིག་འགུལ་རིས་ཤིག་ཡིན། ཁྱེད་ཀྱིས་ཙི་གུ་སྤྱད་དེ་གྲངས་ཐིག་སྟེང་དུ་གྲངས་ཀྱི་གནས་སར་ཉམས་ལེན་བྱས་ཆོག་ལ་ཙི་གུ་ལ་གཡོན་ནས་གནན་ཙམ་བྱས་ཏེ་གྲངས་ཤིག་གི་གནས་ས་གཏན་ཁེལ་ཀྱང་བྱས་ཆོག། ཁྱེད་ཀྱིས་དབྱིན་ཡིག་ Clear ཞེས་པར་ཙི་གུ་གནན་ནས་སླར་གཙང་མ་བཟོས་ཆོག།

དཔྱད་གཞི།

http://www.mathsisfun.com/number-line.html

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༦ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(0)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།