སྡོམ་འཐེན་སྒྱུར་བགོས་ཀྱི་བརྙན་ཟློས་སློབ་ཁྲིད་ཁག་ཅིག།

རྒན་བསོད་ནམས་ཟླ་བ་ལགས་ཀྱིས་དེ་སྔོན་ངེད་དྲ་ཚིགས་ལ་སློབ་ཆུང་གི་བརྙན་ཟློས་སློབ་ཁྲིད་ཁག་ཅིག་བསྐུར་བྱུང་ཡང་ད་བར་མཁོ་འདོན་བྱེད་མ་ཐུབ།

མ་གཞི་སློབ་ཁྲིད་དེ་དག་ངེད་དྲ་ཚིགས་སྟེང་ནས་ཐད་ཀར་བལྟ་རྒྱུ་ཡོད་པ་ཞིག་བཟོ་དགོས་བསམ་ཡང་བརྙན་ཟློས་ནི་ཡིག་ཆ་ཆེ་རིགས་ཡིན་པས་དྲ་ཚིགས་སུ་ཉར་འཇོག་གི་བར་སྟོང་ཆེན་པོ་དགོས་ཀྱི་འདུག། ངེད་ནི་སྒེར་གཉེར་དྲ་ཚིགས་ཤིག་ཡིན་པས་བར་སྟོང་ཆེ་རུ་གཏོང་བའི་འགྲོ་སོང་དེ་གཏང་མ་ཐུབ། ཚང་མར་དགོངས་དག་ཞུ།

རྒན་བསོད་ནམས་ཟླ་བ་ལགས་ཀྱི་བརྙན་ཟློབ་སློབ་ཁྲིད་དེ་རྣམས་ང་ཚོས་ཀྲུང་གོའི་བརྙན་ཟློས་དྲ་ཚིགས་ཤིག་ http://www.tudou.com ནང་དུ་བཞག་ཡོད་པ་དང་ཁྱེད་ཀྱིས་གཤམ་གྱི་མཐུད་སྦྲེལ་བརྒྱུད་ནས་གཟིགས་ཆོག། སློབ་ཁྲིད་ཁ་ཕྱེས་རྗེས་སྔོན་ལ་དྲ་ཚིགས་དེའི་བརྡ་ཁྱབ་སྐར་གཅིག་ཙམ་ཡོད་པས་ཁྱེད་ཀྱིས་དེ་སྒྲ་མེད་པར་བཟོས་ནས་དེའི་རིང་བྱ་བ་གཞན་བྱས་ཆོག། དེ་ནས་སྐར་གཅིག་སོང་རྗེས་སླར་སྒྲ་ཡོད་པར་གྱུར་བས་དེ་དུས་སློབ་ཁྲིད་ནི་དངོས་སུ་འགོ་འཛུགས་པ་ཡིན།

རྗེས་སུ་ངེད་དྲ་ཚིགས་ནས་བརྙན་ཟློས་སོགས་ཡིག་ཆ་ཆེ་རིགས་རྣམས་གོང་ལྟར་མཁོ་འདོན་བྱ་རྒྱུ་ཡིན་པས་ཐུགས་གཅགས་གནང་རོགས་ཞུ།

རྒན་བསོད་ནམས་ཟླ་བ་ལགས་ཀྱི་སྡོམ་འཐེན་སྒྱུར་བགོས་ཀྱི་བརྙན་ཟློས་སློབ་ཁྲིད། ཁྱོན་སློབ་ཁྲིད་ 16 ཡོད།          

དང་པོ།               9 ཡི་དགུ་མཐའ།

གཉིས་པ།             8 ཀྱི་དགུ་མཐའ།

གསུམ་པ།             7 གྱི་་དགུ་མཐའ།

བཞི་པ།              6 གི་དགུ་མཐའ།

ལྔ་པ།               3 དང་ 4 ཡི་དགུ་མཐའ།

དྲུག་པ།              སྒྱུར་གྱི་མྱུར་རྩིས།

བདུན་པ།             གྲངས་ཕྲལ་ནས་སྒྱུར་རྩིས་རྒྱག་པ།

བརྒྱད་པ།            གྲངས་གཅིག་མཚུངས་གཉིས་སྒྱུར་བ།

དགུ་པ།              གྲངས་ཕྲལ་ནས་འཐེན་རྩིས་རྒྱག་པ།

བཅུ་པ།              བརྒྱ་གནས་སུ་ཕབ་ནས་འཐེན་རྩིས་རྒྱག་པ།

བཅུ་གཅིག།           གྲངས་ཕྲལ་ནས་སྡོམ་རྩིས་རྒྱག་པ།

བཅུ་གཉིས།           བརྒྱ་གནས་སུ་ཕབ་ནས་སྡོམ་རྩིས་རྒྱག་པ།

བཅུ་གསུམ།           དགུ་གཡུག་པའི་ཐབས་ལ་བརྟེན་ནས་འཐེན་རྩིས་ལ་བརྟག་དཔྱད་བྱེད་པ།

བཅུ་བཞི།            དགུ་གཡུག་པའི་ཐབས་ལ་བརྟེན་ནས་སྒྱུར་རྩིས་ལ་བརྟག་དཔྱད་བྱེད་པ།

བཅུ་ལྔ།             དགུ་གཡུག་པའི་ཐབས་ལ་བརྟེན་ནས་སྡོམ་རྩིས་ལ་བརྟག་དཔྱད་བྱེད་པ།

བཅུ་དྲུག།            དགུ་གཡུག་པའི་ཐབས་ལ་བརྟེན་ནས་བགོས་རྩིས་ལ་བརྟག་དཔྱད་བྱེད་པ།

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༦ ཉིན།

ལྷག་པ་ཚེ་རིང་བརྒྱུད་སྤེལ་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

 

 

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » སྡོམ་འཐེན་སྒྱུར་བགོས་ཀྱི་བརྙན་ཟློས་སློབ་ཁྲིད་ཁག་ཅིག།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏