གྲངས་ཐིག་སྟེང་གི་གྲངས་ཆ།

གྲངས་ཐིག་ལ་འགའ་ཞིག་གིས་གྲངས་མདའ་ཟེར་ཞིང་དེ་ནི་གྲངས་མཚོན་པར་བྱེད་པའི་མ་དཔེ་གཙོ་བོ་ཞིག་ཡིན།

ཧྲིལ་གྲངས་ནི་གྲངས་ཐིག་ཐོག་ཏུ་ལས་སླ་པོར་བཀོད་ཐུབ། དེ་བཞིན་དུ་གྲངས་ཐིག་སྟེང་དུ་གྲངས་ཆའང་བདེ་བར་མཚོན་ཐུབ་ཀྱི་ཡོད། ཁྱེད་ཀྱིས་སྔོན་སྦྱངས་པའི་མཚུངས་པའི་གྲངས་ཆ་བེད་སྤྱད་དེ་གྲངས་ཆ་ཞིག་གྲངས་ཐིག་ཐོག་གནས་གང་དུ་འཇོག་དགོས་མིན་གཟིགས་དང་།

ཁྱེད་ཀྱིས་ཙི་གུ་གཡས་གཡོན་གཉིས་སུ་འགུལ་ནས་གྲངས་ཐིག་ཐོག་ཏུ་གྲངས་ཆ་མི་འདྲ་བར་ཉམས་ལེན་བྱས་ཆོག་པ་དང་། ཡང་ཁྱེད་ཀྱིས་ 0 ནས་ 1 བར་གྱི་གྲངས་ཐིག་ཐོག་ཏུ་ཙི་གུ་འགུལ་བཞིན་གནས་གང་རུང་ཞིག་ཏུ་ཙི་གུ་ལ་གནན་ན་གནས་དེའི་གྲངས་ཆ་གཏན་ཁེལ་བྱེད་ཐུབ། དེ་ནས་ཁྱེད་ཀྱིས་དབྱིན་ཡིག་ Clear ཞེས་པར་ཙི་གུ་གནན་ནས་སླར་གཙང་མ་བཟོས་ཆོག།

དཔྱད་གཞི།

http://www.mathsisfun.com/numbers/fraction-number-line.html

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༣ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(1)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།