སིལ་གྲངས་ཡོད་པའི་མཉམ་བྱ་འགྲོལ་བ།

སིལ་གྲངས་ཡོད་པའི་མཉམ་བྱ་འགྲོལ་སྐབས་སྔོན་ལ་སིལ་གྲངས་མེད་པ་བཟོ་དགོས། དེ་ཡང་སིལ་ཚེག་མས་ཀྱི་གྲངས་ཚང་མ་ཧྲིལ་གྲངས་སུ་འབེབ་དགོས།

སྔོན་གྲངས་ཆ་མེད་པར་བཟོ་བ་ལ་གཙང་སྦྲ་བྱེད་པ་ཟེར་བ་ལྟར་འདིར་སིལ་གྲངས་མེད་པར་བཟོ་བ་ལ་ཡང་གཙང་སྦྲ་བྱེད་པ་ཟེར།

སྔོན་ལ་གཙང་སྦྲ་བྱེད་པ། འདིར་སིལ་གྲངས་གཉིས་ཀར་སིལ་ཚེག་མས་སུ་གནས་གཅིག་རང་ལས་མེད་པས་ 10 ཡིས་བསྒྱུར་ན་ཧྲིལ་གྲངས་སུ་འབེབ་ཐུབ། དེ་ནས་འགྲོལ་སྟངས་སྔར་བཞིན་ཡིན།

 

 

 

 

 

 

དཔེར་བརྗོད་གཞན་ཞིག།

པར་རིས་ནང་དབྱིན་ཡིག་ལས་བཤད་པ་བཞིན་གཡོན་གྱི་སིལ་གྲངས་ལ་ཚེག་མས་སུ་གནས་གཉིས་ཡོད་པ་དང་ གཡས་ཀྱི་སིལ་གྲངས་ལ་ཚེག་མས་སུ་གནས་གཅིག་ལས་མེད།

དུས་གཅིག་ལ་སིལ་གྲངས་གཉིས་ཀ་ཧྲིལ་གྲངས་སུ་འབེབ་པར་ 100 ཡིས་བསྒྱུར་ན་འགྲིག།

ད་ལྟ་གཡས་གཡོན་གྱི་གྲངས་ཚང་མ་ཧྲིལ་གྲངས་ཡིན་པ་དང་ དེ་ནས་འགྲོལ་སྟངས་ནི་སྔར་དང་འདྲ་བས་ཁྱེད་ཀྱིས་མུ་མཐུད་དེ་བཀྲོལ་ཐོབ་རྩིས་དང་།།

དཔྱད་གཞི།

http://www.coolmath.com/prealgebra/16-intro-to-solving-equations

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༡ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

 

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » སིལ་གྲངས་ཡོད་པའི་མཉམ་བྱ་འགྲོལ་བ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏