ལུགས་ལྡན་གྲངས་ཀྱི་མཚན་ཉིད།

གང་འདྲ་ཞིག་ལ་ལུགས་ལྡན་གྲངས་ཟེར།

གྲངས་ཆས་མཚོན་ཐུབ་པའི་གྲངས་གང་རུང་ལ་ལུགས་ལྡན་གྲངས་ཟེར།

དབྱིན་ཡིག་ཏུ་ rational number ཟེར་ཞིང་དེ་ནི་ ratio ནས་བྱུང་བ་ཞིག་ཡིན་ཏེ་སྡུར་བ་དང་བགོ་བའི་དོན་ཡིན་པས་ཆ་ཤས་སུ་བགོ་ཐུབ་པའི་གྲངས་ལ་ཟེར།

འོན་ཀྱང་རྒྱ་ཡིག་ཏུ་ 有理数 ཅེས་བསྒྱུར་ཡོད་པ་དང་དེ་ནས་བོད་ཡིག་ཏུ་ལུགས་ལྡན་གྲངས་ཞེས་བསྒྱུར་ཡོད། དེ་ལ་ཡང་སྐྱོན་མེད་དེ་གྲངས་དེ་རིགས་ཚང་མ་གྲངས་ཐིག་ཐོག་ཏུ་འཇལ་བྱེད་ཚད་ཀྱིས་ཡང་དག་པར་ལེན་ཐུབ་པས་ལུགས་དང་མཐུན་པའམ་ཡང་ན་ལུགས་དང་ལྡན་པའི་གྲངས་ཞེས་མིང་བཏགས་པ་ཡིན་ནོ།

དཔེ་འགའ།

1/2  ནི་ལུགས་ལྡན་གྲངས་ཡིན། གྲངས་ཆ་ཡིན་པའི་ཕྱིར། ཡང་ན་ 1 ལ་ 2 ཀྱིས་བགོ་བ་ཡིན་པའི་ཕྱིར།

0.75  ནི་ལུགས་ལྡན་གྲངས་ཡིན། གྲངས་ཆ་ 3/4 ཡིན་པའི་ཕྱིར། ཡང་ན་ 3 ལ་ 4 ཡིས་བགོ་བ་ཡིན་པའི་ཕྱིར།

1 ནི་ལུགས་ལྡན་གྲངས་ཡིན། གྲངས་ཆ་ 1/1 ཡིན་པའི་ཕྱིར། ཡང་ན་ 1 ལ་ 1 གིས་བགོ་བ་ཡིན་པའི་ཕྱིར།

2 ནི་ལུགས་ལྡན་གྲངས་ཡིན། གྲངས་ཆ་ 2/1 ཡིན་པའི་ཕྱིར། ཡང་ན་ 2 ལ་ 1 གིས་བགོ་བ་ཡིན་པའི་ཕྱིར།

2.12 ནི་ལུགས་ལྡན་གྲངས་ཡིན། གྲངས་ཆ་ 212/100 ཡིན་པའི་ཕྱིར། ཡང་ན་ 212 ལ་ 100 ཡིས་བགོ་བ་ཡིན་པའི་ཕྱིར།

−6.6 ནི་ལུགས་ལྡན་གྲངས་ཡིན། གྲངས་ཆ་ −66/10 ཡིན་པའི་ཕྱིར། ཡང་ན་ -66 ལ་ 10 ཡིས་བགོ་བ་ཡིན་པའི་ཕྱིར།

1.5  ནི་ལུགས་ལྡན་གྲངས་ཡིན།  \(1.5=\frac{3}{2}\) གྲངས་ཆ་ཡིན་པའི་ཕྱིར།

གསལ་བཤད།  1/2 དང་ \(\frac{1}{2}\) ནི་གྲངས་གྲངས་ཆའི་མཚོན་སྟངས་གཉིས་ཡིན་པ་ལས་དང་པོ་དེ་འབྲི་བདེ་བའི་ཆེད་དང་གཉིས་པ་ནི་ཚད་ལྡན་འབྲི་སྟངས་ཤིག་ཡིན།

དཔེ་གཞན་འགའ།

གྲངས གྲངས་ཆའི་རྣམ་པ ལུགས་ལྡན་ཡིན་མིན
5 5/1 ཡིན
1.75 7/4 ཡིན
0.001 1/1000 ཡིན
-0.1 -1/10 ཡིན
0.111 … 1/9 ཡིན
\(\sqrt{2}\) ? མིན

2 ཀྱི་རང་ཉིས་སྒྱུར་གཞི་ \(\sqrt{2}\) ནི་གྲངས་ཆས་མཚོན་མི་ཐུབ་པས་དེ་ནི་ལུགས་ལྡན་གྲངས་མིན། དོན་དངོས་སུ་དེ་ལྟ་བུའི་གྲངས་ཤིན་ཏུ་མང་པོ་ཡོད་པ་དང་གྲངས་དེ་རིགས་ལ་ལུགས་མེད་གྲངས་ཟེར། 

ལུགས་ལྡན་གྲངས་ཀྱི་ཚད་ལྡན་མཚན་ཉིད།

གྲངས་ཆའི་རྣམ་པ་ \(\frac{a}{b}\) ཡིས་མཚོན་ཐུབ་པའི་གྲངས་ལ་ལུགས་ལྡན་གྲངས་ཟེར། འདིར་ \(a\) དང་ \(b\) ནི་ཧྲིལ་གྲངས་ཡིན་ལ་ \(b\) ནི་ཐིག་ལེ་(ཀླད་ཀོར་)དང་མི་མཚུངས།

མདོར་ན། གྲངས་ཤིག་ལ་གྲངས་ཆའི་རྣམ་པ་ཡོད་ན་ལུགས་ལྡན་གྲངས་དང་མེད་ན་ལུགས་མེད་གྲངས་ཡིན།

དངོས་ཡོད་གྲངས།

ལུགས་ལྡན་གྲངས་དང་ལུགས་མེད་གྲངས་འདུས་ནས་དངོས་ཡོད་གྲངས་ཐོབ་པའོ།

http://www.mathsisfun.com/rational-numbers.html

༢༠༡༥ ལོའི་ཟླ་བ་ ༦ པའི་ཚེས་ ༡༣ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » ལུགས་ལྡན་གྲངས་ཀྱི་མཚན་ཉིད།
མཉམ་སྤྱོད།:
ཡག་པོ་འདུག(2) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏