བརྒྱ་ཆའི་གྲངས། (%)

       བརྒྱ་ཆའི་གྲངས་ནི་དམིགས་གསལ་གྱི་གྲངས་ཆ་ཞིག་ཡིན།

ང་ཚོས་གྲངས་ཀ་ཞིག་ཆ་སྙོམས་ཀྱི་ཆ་ཤས་དུ་མར་བཏང་ནས་དེ་ལས་ཆ་ཤས་འགའ་ལེན་པ་དེ་གྲངས་ཆས་མཚོན་གྱི་ཡོད། འོན་ཀྱང་གྲངས་འབོར་ཆེན་པོ་ཡིན་སྐབས་མི་ཚོས་རྒྱུན་དུ་དེ་ཆ་ཤས་བརྒྱ་ལ་བཏང་ནས་དེ་ལས་ཆ་ཤས་ག་ཚོད་ཙམ་ལེན་དགོས་པར་བསམ་བློ་གཏོང་གི་ཡོད།

བརྒྱ་ཆ་གཅིག་(1%)ནི་ཆ་ཤས་ 100 ལས་ཆ་ཤས་ 1 ལེན་པ་སྟེ་ \(\frac{1}{100}\)ཡིན།

 

ཐིག་དེའི་ 1% ལ་ལྗང་གུ་བྱུགས་ཡོད། དེ་ནི་ཧ་ཅང་ཆུང་བའི་ཆ་ཤས་ཤིག་རེད།

50% ནི་100 ལས་ 50 ལེན་པ་སྟེ་ཕྱེད་ཀ་ཡིན། 25% ནི་100 ལས་ 25 ལེན་པ་སྟེ་བཞི་ཆ་གཅིག་ཡིན། 100% ནི་100 ལས་100 ལེན་པ་སྟེ་ཆ་ཚང་ལེན་པ་ཡིན།

དཔེར་བརྗོད་དང་པོ།    

            80 ཡི་ 100% ནི་ \(80×\frac{100}{100}=80\) ཡིན།

            80 ཡི་ 50% ནི་ \(80×\frac{50}{100}=40\) ཡིན།

            80 ཡི་ 25% ནི་ \(80×\frac{25}{100}=20\) ཡིན།

            80 ཡི་ 5% ནི་ \(80×\frac{5}{100}=4\) ཡིན།

དཔེར་བརྗོད་གཉིས་པ། བག་ལེབ་ཕྱེད་ཀའི་མཚོན་སྟངས་མི་འདྲ་བ།

བརྒྱ་ཆའི་གྲངས།

50%
སིལ་གྲངས། 0.5
གྲངས་ཆ། \(\frac{1}{2}\)

དཔེར་བརྗོད་གསུམ་པ།     ཀུ་ཤུ་ 200 ཡི་ 15% ནི་རུལ་པ་ཡིན་པས་འོ་ན་ཀུ་ཤུ་ག་ཚོད་རུལ་པ་ཡིན་ནམ།

\(15\%=\frac{15}{100}\) ཡིན་པས་

\(200×\frac{15}{100}=\frac{200}{100}×15=2×15=30\) ཡིན།

དེར་བརྟེན་ཀུ་ཤུ་ 30 རུལ་པ་ཡིན།

དཔེར་བརྗོད་བཞི་པ།      གལ་ཏེ་ཀུ་ཤུ་ 200 ལས་ 10  རུལ་པ་ཡིན་ན་དེས་བརྒྱ་ཆ་ག་ཚོད་ཟིན་ནམ།

ཀུ་ཤུ་ 200 ལས་ 10 རུལ་པ་ཡིན་པ་གྲངས་ཆ་དང་སིལ་གྲངས་ཀྱིས་མཚོན་ན་ \(\frac{10}{200}=0.05\) ཡིན།

དེར་བརྟེན་ཀུ་ཤུ་ 100 ལས་རུལ་བའི་ཁ་གྲངས་ནི་ \(100×\frac{10}{200}=5\) ཡིན་པས་

ཀུ་ཤུ་ 200 ལས་ 10  རུལ་པ་ཡིན་པ་དེས་བརྒྱ་ཆ་ལྔ་སྟེ་ 5% ཟིན་ཡོད།

དོན་དངོས་སུ་བརྒྱ་ཆའི་གྲངས་ནི་དམིགས་བསལ་གྱི་གྲངས་ཆ་ཞིག་ཡིན་པས་ང་ཚོས་མཚུངས་པའི་གྲངས་ཆ་བེད་སྤྱད་དེ་ཕན་ཚུན་བརྗེས་བསྒྱུར་བྱས་ན་

\(\frac{10}{200}=\frac{5}{100}=5\%\) ཡིན།

བརྒྱ་ཆའི་གྲངས་དེ་ཙམ་ནས་མཇུག་སྒྲིལ་སོང་། དེ་རིང་ཞོགས་པ་ལྷ་སར་ཆར་ཟིམ་འབབ་བཞིན་འདུག། བཀྲ་ཤིས་བདེ་ལེགས་ཞུ།།

Thanks Mathisfun for the pictures and the idea from that I built this article!

http://www.mathsisfun.com/fractions.html

༢༠༡༥ ལོའི་ཟླ་བ་ ༦ པའི་ཚེས་ ༩ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » བརྒྱ་ཆའི་གྲངས། (%)
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏