གྲངས་ཆའི་བགོད་རྩིས།

དེ་རིང་ང་ཚོས་གྲངས་ཆའི་བགོད་རྩིས་ཀྱི་བྱེད་ལུགས་དང་དོན་སྙིང་སྐོར་སློབ་སྦྱོང་བྱ་རྒྱུ་ཡིན།

གོང་དུ་ང་ཚོས་གྲངས་ཆའི་སྒྱུར་རྩིས་སློབ་སྦྱོང་བྱས་ཟིན། གལ་སྲིད་ཁྱེད་ཀྱིས་གཟིགས་མྱོང་མེད་ན་སྔོན་ལ་དེ་གཟིགས་དང་།

སྒྱུར་བ་དང་བགོ་བ་གཉིས་ནི་གནད་དོན་གཅིག་ལ་ཕན་ཚུན་གོང་འོག་ལོག་པའི་ཕྱོགས་གཉིས་ནས་བལྟས་པ་ཡིན་པས་འདིར་གྲངས་ཆ་བགོ་བ་ཡང་གྲངས་ཆ་སྒྱུར་བར་ཕབ་ནས་རྩི་རྒྱུ་ཡིན།

གྲངས་ཆ་བགོ་བར་སྟབས་བདེའི་གོ་རིམ་གསུམ་ཡོད།

  • དང་པོ།    བགོད་བྱེད་གྲངས་ཆ་(གྲངས་ཆ་གཉིས་པ་)ལོག་པའི་གྲངས་ཆར་འབབ་པ།
  • གཉིས་པ།   གྲངས་ཆ་དང་པོར་ལོག་པའི་གྲངས་ཆ་དེས་སྒྱུར་བ།
  • གསུམ་པ།   གྲངས་ཆ་སླ་བསྡུས་བྱེད་པ།

དཔེར་བརྗོད་དང་པོ།           \(3÷\frac{1}{2}\)

གོ་རིམ་དང་པོ།   བགོད་བྱེད་གྲངས་ཆ་(གྲངས་ཆ་གཉིས་པ་)ལོག་པའི་གྲངས་ཆར་འབབ་པ།

$$\frac{1}{2}→\frac{2}{1}=2$$

གོ་རིམ་གཉིས་པ།  གྲངས་ཆ་དང་པོར་ལོག་པའི་གྲངས་ཆ་དེས་སྒྱུར་བ།

$$3×2=6$$

གོ་རིམ་གསུམ་པ།  ཆེས་བསྡུས་པ་ཡིན་པས་སླ་བསྡུས་བྱེད་དགོས་མེད།

དེ་ཡང་ \(3÷\frac{1}{2}=6\) ཡིན།

འོ་ན་བྱེད་ལུགས་དེའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན་དེ་ཡང་  \(3÷\frac{1}{2}\) གིས་བག་ལེབ་ 3  ནང་ \(\frac{1}{2}\) ཡིན་པ་ག་ཚོད་ཡོད་པ་རྩི་བ་ཡིན། ཚང་མས་ཤེས་གསལ་ལྟར་བག་ལེབ་ 1 ནང་ \(\frac{1}{2}\) ཡིན་པ་ 2 ཡོད་པས་བག་ལེབ་ 3 ནང་ \(\frac{1}{2}\) ཡིན་པ་ 6 ཡོད། དེ་ནི་གོང་གི་མཇུག་འབྲས་དང་མཚུངས་པ་ཡིན།

དཔེར་བརྗོད་གཉིས་པ།           \(\frac{1}{2}÷\frac{1}{6}\)

གོ་རིམ་དང་པོ།   བགོད་བྱེད་གྲངས་ཆ་(གྲངས་ཆ་གཉིས་པ་)ལོག་པའི་གྲངས་ཆར་འབབ་པ།

$$\frac{1}{6}→\frac{6}{1}=6$$

གོ་རིམ་གཉིས་པ།  གྲངས་ཆ་དང་པོར་ལོག་པའི་གྲངས་ཆ་དེས་སྒྱུར་བ།

$$\frac{1}{2}×\frac{6}{1}=\frac{1×6}{2×1}=\frac{6}{2}$$

གོ་རིམ་གསུམ་པ།  གྲངས་ཆ་སླ་བསྡུས་བྱེད་པ།

$$\frac{6}{2}=\frac{3}{1}=3$$

དེའི་དོན་སྙིང་བག་ལེབ་ལས་ཤེས་ཐུབ།

ནང་དུ་ ཡིན་པ་ 3 ཡོད།
$$\frac{1}{2}=\frac{3}{6}$$ ནང་དུ་ $$\frac{1}{6}$$ ཡིན་པ་ 3 ཡོད།

དེ་ཡང་ \(\frac{1}{2}÷\frac{1}{6}=3\) ཡིན།

དཔེར་བརྗོད་གསུམ་པ།           \(\frac{1}{8}÷\frac{1}{4}\)

གོ་རིམ་དང་པོ།   བགོད་བྱེད་གྲངས་ཆ་(གྲངས་ཆ་གཉིས་པ་)ལོག་པའི་གྲངས་ཆར་འབབ་པ།

$$\frac{1}{4}→\frac{4}{1}=4$$

གོ་རིམ་གཉིས་པ།  གྲངས་ཆ་དང་པོར་ལོག་པའི་གྲངས་ཆ་དེས་སྒྱུར་བ།

$$\frac{1}{8}×\frac{4}{1}=\frac{1×4}{8×1}=\frac{4}{8}$$

གོ་རིམ་གསུམ་པ།  གྲངས་ཆ་སླ་བསྡུས་བྱེད་པ།

$$\frac{4}{8}=\frac{1}{2}$$

དེ་ཡང་ \(\frac{1}{8}÷\frac{1}{4}=\frac{1}{2}\) ཡིན།

ཚང་མས་ཤེས་གསལ་ལྟར་ \(\frac{1}{8}\) ནི་ \(\frac{1}{4}\) ལས་ཆུང་བ་ཡོད། དེ་ལྟ་བུའི་བགོད་རྩིས་ཀྱི་དོན་སྙིང་ཤོད་ཐུབ་བམ།

སྐྱོན་མེད།  དེ་བགོད་རྩིས་ཡིན་པས་བགོད་རྩིས་ཀྱི་དོན་སྙིང་ལྡན་པར་དོགས་པ་མེད།

སྔར་ལྟར་ \(\frac{1}{8}÷\frac{1}{4}\) གིས་ \(\frac{1}{8}\) ནང་དུ་ \(\frac{1}{4}\) ཡིན་པ་ག་ཚོད་ཡོད་པ་རྩི་བ་ཡིན། དེ་ཡང་ \(\frac{1}{4}=\frac{1}{8}+\frac{1}{8}\) ཡིན་ཏེ་ \(\frac{1}{8}\) དེས་ \(\frac{1}{4}\) གི་ཕྱེད་ཀ་སྟེ་ \(\frac{1}{2}\) ཟིན་པས་ \(\frac{1}{8}\) ནང་དུ་ \(\frac{1}{4}\) གི་ \(\frac{1}{2}\) ཡོད།

དཔེར་བརྗོད་བཞི་པ།           \(\frac{1}{2}÷3\)

གོ་རིམ་དང་པོ།   བགོད་བྱེད་གྲངས་ཆ་(གྲངས་ཆ་གཉིས་པ་)ལོག་པའི་གྲངས་ཆར་འབབ་པ།

$$3=\frac{3}{1}→\frac{1}{3}$$

གོ་རིམ་གཉིས་པ།  གྲངས་ཆ་དང་པོར་ལོག་པའི་གྲངས་ཆ་དེས་སྒྱུར་བ།

$$\frac{1}{2}×\frac{1}{3}=\frac{1×1}{2×3}=\frac{1}{6}$$

དེ་ནི་ཆེས་བསྡུས་གྲངས་ཆ་ཡིན་པས་ $$\frac{1}{2}÷3=\frac{1}{6}$$

དེ་ལ་དོན་སྙིང་བཤད་རྒྱུ་ཡོད་དེ། བལ་ལེབ་ཞིག་གི་ཕྱེད་ཀ་དེ་སླར་ཆ་སྙོམས་ཀྱིས་དུམ་བུ་གསུམ་ལ་གཏུབས་ན་དུམ་བུ་རེར་དྲུག་ཆ་གཅིག་ཐོབ། དཔེར་ན་བག་ལེབ་ཞིག་གི་ཕྱེད་ཀ་ཆ་སྙོམས་ཀྱིས་མི་གསུམ་ལ་བགོས་ན་མི་རེར་བག་ལེབ་དེའི་དྲུག་ཆ་གཅིག་ཐོབ་པ་ཡིན།

\(\frac{1}{2}\) ÷3 = \(\frac{1}{6}\)
÷3 =

གྲངས་ཆའི་བགོད་རྩིས་སྐོར་དེ་ཙམ་ནས་མཇུག་སྒྲིལ་སོང་། ཁྱེད་ཀྱིས་ད་བར་ང་དང་མཉམ་དུ་གྲངས་ཆའི་ལམ་བུར་འཚོལ་སྒྲུབ་བྱེད་པར་ཕེབས་པར་ཐུགས་རྗེ་ཆེ་ཞུ།།

Thanks Mathisfun for the pictures and the idea from that I built this article!

http://www.mathsisfun.com/fractions.html

༢༠༡༥ ལོའི་ཟླ་བ་ ༦ པའི་ཚེས་ ༥ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(0)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།