གྲངས་ཆའི་འཐེན་རྩིས།

གྲངས་ཆའི་འཐེན་རྩིས་དང་སྡོམ་རྩིས་བྱེད་ལུགས་འདྲ་བས་སྔོན་ལ་ཁྱེད་ཀྱིས་གྲངས་ཆའི་སྡོམ་རྩིས་སྐོར་གཟིགས་ན་ལེགས།

གྲངས་ཆའི་འཐེན་རྩིས་ལ་གོ་རིམ་གསུམ་ཡོད།

  • དང་པོ།    མ་ཆ་གཅིག་མཚུངས་མིན་ན་ངེས་པར་དུ་གཅིག་མཚུངས་བཟོ་དགོས།
  • གཉིས་པ།   བུ་ཆ་འཐེན་དགོས། མ་ཆ་ནི་སྤྱིའི་མ་ཆ་དེ་ཡིན།
  • གསུམ་པ།   གྲངས་ཆ་སླ་བསྡུས་བྱེད་དགོས།

དཔེར་བརྗོད་དང་པོ།

$$\frac{3}{4}-\frac{1}{4}$$

གོ་རིམ་དང་པོ།   མ་ཆ་གཅིག་མཚུངས་ཡིན་པས་གོ་རིམ་གཉིས་པར་འགྲོ།

གོ་རིམ་གཉིས་པ།  བུ་ཆ་གཉིས་འཐེན་ཏེ་འཐེན་ཐོབ་དེ་སྤྱིའི་མ་ཆའི་སྟེང་དུ་འཇོག་པ།

$$\frac{3}{4}-\frac{1}{4}=\frac{3-1}{4}=\frac{2}{4}$$

གོ་རིམ་གསུམ་པ།  གྲངས་ཆ་སླ་བསྡུས་བྱེད་པ།

$$\frac{2}{4}=\frac{1}{2}$$

གལ་ཏེ་ཁྱེད་རང་གོ་རིམ་གསུམ་པ་དེར་དོགས་པ་ཡོད་ན་གྲངས་ཆ་ངོས་འཛིན་ཁྲོད་ཀྱི་མཚུངས་པའི་གྲངས་ཆ་ལ་གཟིགས་དང་།

དཔེར་བརྗོད་གཉིས་པ།

$$\frac{1}{2}-\frac{1}{6}$$

གོ་རིམ་དང་པོ།  གྲངས་ཆ་གཉིས་ཀྱི་མ་ཆ་མི་མཚུངས། གཤམ་གྱི་རི་མོའི་ནང་གི་ཆ་ཤས་དེ་གཉིས་ཀྱི་ཆེ་ཆུང་ཇི་ལྟར་མི་འདྲ་བ་མཐོང་ཐུབ། མུ་མཐུད་རྩིས་རྒྱག་སྔོན་ལ་ཆ་ཤས་ཆེ་ཆུང་གཅིག་མཚུངས་བཟོ་དགོས། ང་ཚོས་གཤམ་གྱི་རི་མོ་ལྟར་འཐེན་མི་ཐུབ།

$$\frac{1}{2}$$ $$\frac{1}{6}$$ = ?
=

མ་ཆ་གཅིག་མཚུངས་བཟོས་ན། \(\frac{1}{2}=\frac{1×3}{2×3}=\frac{3}{6}\)

གོ་རིམ་གཉིས་པ།  བུ་ཆ་གཉིས་འཐེན་ཏེ་འཐེན་ཐོབ་དེ་སྤྱིའི་མ་ཆའི་སྟེང་དུ་འཇོག་པ།

$$\frac{3}{6}-\frac{1}{6}=\frac{3-1}{6}=\frac{2}{6}$$

རི་མོས་མཚོན་ན་གཤམ་ལྟར་ཡིན།

$$\frac{3}{6}$$ $$\frac{1}{6}$$ = $$\frac{2}{6}$$
=

གོ་རིམ་གསུམ་པ།  གྲངས་ཆ་སླ་བསྡུས་བྱེད་པ།

$$\frac{2}{6}=\frac{2÷2}{6÷2}=\frac{1}{3}$$

གྲངས་ཆའི་འཐེན་རྩིས་སྐོར་འདིར་མཇུག་སྒྲིལ་རྒྱུ་ཡིན། ཞིབ་ཕྲའི་བྱེད་ལུགས་བྱེད་སྟངས་གྲངས་ཆའི་སྡོམ་རྩིས་དང་འདྲ་བས་རིགས་འགྲེ་ནས་ཤེས་པར་བྱའོ།།

ད་དུང་ཁྱེད་ཀྱིས་མུ་མཐུད་དེ་་་་་

ལོ་རིམ་དྲུག་པའི་གྲངས་ཆའི་སྒྱུར་རྩིས་སྐོར་གཟིགས་ཆོག

Thanks Mathisfun for the pictures and the idea from that I built this article!

http://www.mathsisfun.com/fractions.html

༢༠༡༥ ལོའི་ཟླ་བ་ ༥ པའི་ཚེས་ ༣༠ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(1)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།